飞蛾 - 索扎
词:赤·扎爾嘉
曲:索扎
མི་ལ་སྐྱིད་རེ་སྡུག་རེ།
སེམས་པ་གྲང་རེ་དྲོ་རེ།
གྲོང་འདི་ས་འཁྱག་རྡོ་འཁྱག
མི་ཚོགས་ཁ་འཁྱག་ངོ་འཁྱག
ང་འདི་ནས་གང་དུ་འགྲོ གང་ནས་འདུག
གང་ལ་སོང་ཡང་། ཁ་སེམས་མཐུན་པའི་གྲོགས་པོ་དེ་ཉུང་ཉུང་རེད།
གང་ནས་བསྡད་ཀྱང་། ཁ་ཡག་ངོ་ཡག་བྱེད་པའི་མི་རྣམས་ཁོམ་ནས་གདའ།
གྲོང་ཁྱེར་འདི་རུ་མི་ཚོགས་ཀྱི་རབ་ཁ་ཇི་ལྟར་རྒོད་ཀྱང་།
ང་རང་སྔར་བཞིན་ཁེར་རྐྱང་ཡིན།
གྲོགས་པོ་དང་གཉེན་ཉེ་ཅི་ཡང་མེད་པས།
ང་ལ་རང་གི་གྲིབ་གཟུགས་ཙམ་ལས་ཅི་ཡང་ལྷག་མེད།
སྒོར་མོ་དང་ཁེ་ཕན་ཁོ་ནའི་ཆེད་དུ།
ཉིན་མཚན་ཀུན་ཏུ་ཕྱོགས་མེད་དུ་འདུར་བའི་མི་ཚོགས་ཀྱི་འདུ་འགོད་དང་།
རླངས་འཁོར་འུར་ཆོམ་ཁྲོད་ནས།
ངས་རང་ཉིད་བོར་འགྲོ་བསམ་ནས་སྐྲག
སྐྲག
སྐྲག
སྐྲག
ང་སྐྲག
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།
མུན་ནག་གི་གཏིང་རིམ་ནས་ཁྱོད་ཀྱིས་འོད་སྣང་བཙལ།
འོད་སྣང་གི་འཇིག་རྟེན་ནས་ཁྱོད་ཀྱིས་དྲོད་ཁོལ་བཙལ།
དྲོད་ཁོལ་གྱི་འཁོར་བ་ནས་ཁྱོད་ཀྱིས་བརྩེ་བ་བཙལ།
བརྩེ་བ་ཡི་བཞུད་ལམ་ནས་ཁྱོད་ཀྱིས་རང་ཉིད་བཙལ།
མུན་ནག་ཏུ་ལུས་པའི་ཁྱོད་རང་ཁེར་རྐྱང་ཡིན།
ཁེར་རྐྱང་དུ་ངུ་བའི་ཁྱོད་རང་གང་དུ་བཞུད།
བཞུད་པའི་གནས་དེ་འོད་སྣང་གི་འཇིག་རྟེན་ཡིན་ནམ།
འཇིག་རྟེན་གང་དེ་བྱིས་སྒྲུང་གི་ཞིང་ཁམས་ཡིན་ནམ།
འབུ་མེ་ལྕེབས་ལ་མཁོ་བ་ནི་འཆི་བ་མ་ཡིན་པར།
དྲོད་དང་འོད་སྣང་ཡིན།
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།
འོད་སྣང་གི་ཕྱག་ཟུང་ཁྱེད་ལ་བསྲིངས་ཡོད།
འོད་སྣང་གི་གཟི་བྱིན་ཁྱེད་ལ་བསྩལ་ཡོད།
འོད་སྣང་གི་གཤོག་ཟུང་ཁྱེད་ལ་སྤྲས་ཡོད།
འོད་སྣང་གི་རྨུ་ཐག་ཁྱེད་ལ་འཐེན་ཡོད།
འཛུམ་དམུལ་དམུལ་གྱི་ངོ་གདོང་།
སྐྱོ་ལྷང་ལྷང་གི་སེམས་པ།
དཀར་ངོགས་ཀྱི་འདུ་ཕྱི་ཀུན་ལ།
འོད་སྣང་དང་དྲོལ་ཁོལ་སྒོམ་ནས་སོང་།
ཨོཾ་མ་ཎི་པདྨེ་ཧཱྃ།
མཚན་མོ་དེར་སྨག་ཧ་ཅང་མཐུག་ན།
ངས་འགྲོ་ལམ་མི་རྙེད་ཀྱང་སྲིད།
ང་རང་བར་དོ་གཞན་ཞིག་ལ་འཁྱམས་དགོས་བྱུང་ཀྱང་སྲིད།
ཡིན་ནའང་། དེ་ལ་ལྡོག་ཐབས་མེད་ན།ད་ནི་ངས་མགོ་བོ་རུམ་ལ་བཅུག་ཏེ།
ཁ་རོག་གེར་མིག་ཆུ་ཞིག་བཏོན་རྗེས་ག་ལེར་ངང་ག་ལེར་ངང་ད་ནི་ལམ་ལ་ལས་འགྲོ།
འགྲོ།
འགྲོ
ཡ་འགྲོ
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།
འབུ་མེ་ལྕེབས། བྱིས་སྒྲུང་ཞིག་བཤད་རོགས།
འབུ་མེ་ལྕེབས། སྙན་ངག་ཅིག་གྱེར་རོགས།
འབུ་མེ་ལྕེབས། སྙིང་གཏམ་ཞིག་གླེང་རོགས།
འབུ་མེ་ལྕེབས། འོད་སྣང་ཞིག་སྦྱིན་རོགས།