འབའ་ལ་གཡང་།
词:民间
曲:民间
གཞས་པ།དཔལ་ལྡན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
མཚོ་སྔོན་ཇོ་མོ་གླང་མ་རིག་གནས་སྒྱུ་རྩལ་དར་སྤེལ་ཀུང་ཟིང་།
སྟོད་དབུས་གཙང་ཡུལ་ལ་ཆོས་ཞིག་དར།
ཆོས་མ་དར་གོང་ལ་དུང་ཞིག་དར།
དུང་དཀར་རོ་ཆོས་གི་སྣ་འདྲེན་རེད།
སྨད་རྒྱ་ནག་ཡུལ་ལ་ཁབ་ཞིག་དར།
ཁབ་མ་དར་གོང་ལ་གོས་ཞིག་དར།
ཁབ་་སྐུད་པ་གོས་གི་སྣ་འདྲེན་རེད།
བོད་ཁ་བ་ཅན་ལ་ཆང་ཞིག་དར།
ཆང་མ་དར་གོང་ལ་ནས་ཞིག་དར།
ནས་སྔོན་མོ་ཆང་གི་སྣ་འདྲེན་རེད།