格桑黑莲、藏魂歌手玛丽亚 - 无名之辈
作词:格桑黑莲
作曲:格桑黑莲
编曲:DRP project
录音后期:三次方娱乐传媒
音乐宣传:谢旦贴吧工作室
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ད་ནི་ཡར་ལ་ལངས་རན།
ཞོགས་པའི་ཉི་གཞོན་དང་འགྲོགས་ནས།
ཁྱེད་ལ་ཁམས་བདེ་ཞུ་ཡ།
སུན་སྣང་མེད་པར་གསན་རོགས།
འཚོ་བས་ཁྱེད་ལ་གནོན་ཤུགས་ཐེབས་པས་དེ་ལ་འཁང་ར་མ་བྱེད།
དོན་དངོས་ཀྱིས་ཁྱེད་ལ་རྩེད་མོ་རྩེ་ན་དེ་ལ་ཁ་ཡ་མ་བྱེད།
In my life ཡིད་ཆེས་བཅིངས་ས་ཁྱེད་ཡིན།
In my life རེ་བ་བྱེད་ས་ཁྱེད་ཡིན།
ཁ་སང་གི་དཀའ་སྡུག་དེ་དག་ང་ཚོས་དེ་རིང་གླེང་གི་མི་འདུག
ཕུགས་འདུན་དང་སང་ཉིན་གྱི་ཆེད་དུ་ང་ཚོས་བརྩོན་པ་ཤོར་དུ་མི་འཇུག
ཕ་ཡུལ་དང་ཁ་བྲལ་ནས་ས་མཐའ་ན་གནས་བའི་སྤུན་གྲོགས།
འུར་ཟིང་གི་གྲོང་ཁྱེར་ན་འཚོ་བའི་ཨ་མའི་སྙིང་གི་གཅེས་ཕྲུག
རང་ཚུགས་མ་ཤོར།
གཞན་སེམས་མ་དཀྲུགས།
རང་ལ་ཡིད་ཆེས་ཡོད་དགོས་པས།
བར་ཆད་དང་ཕམ་ཁ་ཉོས་ན་མགོ་བོ་སྒུར་གི་མ་འདུག
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ད་ནི་ལམ་ལ་ཆས་རན།
སྙིང་སྡུག་ཁྱེད་དང་མཉམ་དུ།
དམ་བཅའ་དེ་དག་མ་དོར།
སུ་དང་གང་གི་ཆེད་དུ།
ལམ་ཐག་རིང་མོ་དེ་མདུན་དུ་སྐྱོད་ན་དཀའ་ངལ་ཡོད་ཁུ་མ་ཟེར།
ཕུགས་བསམ་ཟེར་བ་དེ་འཚོལ་སྙེག་བྱེད་ན་དོན་སྙིང་མེད་ཁུ་མ་འདོད།
In my life ལས་དབང་ཟེར་བ་ཁྱེད་ཡིན།
In my life སྙིང་གཏམ་བཅོལ་ས་ཁྱེད་ཡིན།
གངས་འདབས་ཀྱི་སྐལ་བཟང་མེ་ཏོག་ང་རང་དུང་བ་ཁྱེད་ལས་མེད་མོད།
སུས་ཀྱང་ཁྱེད་ཀྱི་ཚབ་བྱེད་མི་ཐུབ་པའི་འགྱུར་མེད་ཀྱི་བརྩེ་བ་དམར་པོ།
དུས་རབས་གསར་བའི་རླབས་རྒྱུན་ཁྲོད་ཀྱི་འཚར་ལོངས་བྱུང་བའི་ང་ཚོ།
རང་ལ་དབང་བའི་སང་ཉིན་གྱི་ལམ་བུ་དེ་རང་གིས་འཚོལ་དགོས་ཤེས་སམ།
མཉམ་འགྲོ་མཉམ་འདུག
མི་ཚེ་ཐུང་ཐུང་ཡིན་པས།
ང་ཚོས་བརྩེ་བ་འདི་ལ་དམ་དུ་བཅངས་ནས་སླུ་བྲིད་མགོ་སྐོར་མ་གཏོང་།
སྐྱིད་སྡུག་མཉམ་མྱོང་།
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ནམ་མཐའ་ལ་རྒྱང་ལྟ་ཞིག་བྱེད་དུས།
ཉི་གཞོན་འདི་ཇི་འདྲའི་མཛེས་པ་ལ།
ཕུགས་བསམ་དང་སང་ཉིན་གྱི་ཆེད་དུ།
མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།