慕之歌 - 欧智卓玛
ཚིག: ཟྭ་དཀར་པོ།
词:萨格尔博
དབྱངས: བསྟན་པས་རྒྱལ་མཚན།
曲:丹贝
གཞས་པ:ཨ་བྱམས&དངོས་གྲུབ་སྒྲོལ་མ།
原唱:阿先&欧智卓玛
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ཕོ། ལང་ཚོ་ཡི་ལམ་ཕྱེད་ཅིག་ནས།
ལས་དབང་གིས་ལྷན་དུ་འཛོམས་པའི།
ཡིད་འོང་གི་སྨན་ཤར་གཞོན་ནུ།
བརྩེ་སེམས་ཀྱི་དངུལ་དཀར་མཛུབ དཀྲིས།
མི་གཞན་གྱིས་ལག་པའི་རེག་མེད།
མོ ཤེས་རིག་གི་སློབ་གྲྭའི་གླིང་ནས།
དུངས་སྣང་གི་བློ་ཁ་མཐུན་པའི།
ལོ་ཆུང་གི་སྟག་ཤར་གཞོན་ནུ།
ལང་ཚོ་ཡི་རྐྱང་རྒོད་གཡེར་བ།
མི་གཞན་གྱིས་སྲབ་མཐུར་བསྐོན་མེད།
མཉམ: བདག་བྱོས་དང་བདག་པོ་ཁྱེད་ཡིན།
སེམས་གངས་དཀར་དྲན་པའི་ངོས་སུ།
ཞག་ཉིན་མཚན་དབྱེ་བ་མེད་པར།
ཁྱེད་ཁོ་ནའི་ལང་ཚོ་ཤར་ཡོད།
མོ འདང་བརྩེ་ཡི་སྒ་ཆ་བསྟད་དེ།
དམ་ཚིག་གི་རྔ་རྔོག་བསླེས་ནས།
ཚེ་གང་གི་གློ་རྟར་བསམ་ན།
འདང་ཞེ་རྩིས་ཁྱེད་ལ་ཆགས་ཆོག
ཕོ དམ་ཚིག་གི་འབྲུག་རིས་བརྐོས་ནས།
སྨན་ཁྱེད་ཀྱི་ནེམ་འཇམ་མཛུབ་མོར།
བུ་ང་ཡི་དངོས་སུ་སྐོན་འདོད།
འདང་བརྩེ་བ་འགྱུར་མེད་ཡིན་ན།
ཚེ་འདི་ནས་ཁྱེད་ཀྱིས་བདག་བྱོས།
མཉམ་ལེན། དུས་ནམ་ཡང་མཉམ་དུ་བགྲོད་འདོད།
ཡ་ཁོག་གི་སྙིང་དང་འདྲ་བར།
ཚེ་གཅིག་གི་སྐྱ་ཡར་བསམ་དུས།
འདང་བརྩེ་བ་ཆུ་ལ་ཆུ་བཞག
མཉམ་ལེན། དུས་ནམ་ཡང་མཉམ་དུ་བགྲོད་འདོད།
ཡ་ཁོག་གི་སྙིང་དང་འདྲ་བར།
ཚེ་གཅིག་གི་སྐྱ་ཡར་བསམ་དུས།
འདང་བརྩེ་བ་ཆུ་ལ་ཆུ་བཞག