ས་བོན་ཞིག 种子
གཞས་ཚིག བནྡེ་རྒྱལ་པོ། 作词:牧人德加
དབྱངས། རྡོ་རྗེ་རྒྱལ། 作曲:多杰加
གཞས་པ། རྡོ་རྗེ་རྒྱལ། 演唱:多杰加
ང་ཆུང་དུས་རྒན་པ་ཞིག་ལ་འཕྲད་ནས། 儿时遇见一位老者
བོར་ཟིན་པའི་ས་བོན་ཞིག་བཙལ་དགོས་ཟེར། 说在寻找一颗丢失的种子
ནུར་བཞིན།མིག་ཆུ་རྐྱང་རྐྱང་ཁུར་ནས་བུད་སོང་།躬身千寻,含泪前行
སུན་སྣང་དང་སེམས་ཁྲལ་ཆེ་བའི་ན་གཞོན། 惶惶不安的年轻人
ལས་འཁོར་བ་མི་ཚེ་ཞོར་ལ་སྒོམ་བཞིན། 陷于世俗生活的盘算
ནམ་ཡང་།གོམ་ཁ་འཁྱར་འཁྱོར་བྱས་ནས་འགྲོ་བཞིན། 时常步履蹒跚,龃龉前行
ཁེ་ཕན་གྱི་གྲིབ་མས་གཡོག་པའི་དེང་དུས། 被利益阴影笼罩的当代
སྙིང་རྗེ་དང་ཡར་སེམས་སྤྱོད་ལམ་དོར་ནས། 人们遗失了悲悯,摒弃了善
གོག་བཞིན།གྱང་ཁའི་རྩྭ་ལྟར་ཕར་གཡུག་ཚུར་གཡུག 如墙头之草,顺风而倒
རྨི་ལམ་དང་འཆར་གཞི་སྟོང་ཙམ་སྒྲིག་ནས། 梦想和蓝图虽千般构思
ལག་ལེན་དང་ཕོ་རབ་ཚིག་ཐོག་བརྗེད་ནས། 实践和应诺却停于纸上
དགོད་ཞོར། སྟོང་བསམ་བཏང་ནས་ཉི་མ་ཕར་བསྐྱལ། 依然痴笑,空想度日

སྙིང་རྗེ་དང་ཡར་སེམས་སྤྱོད་ལམ་དོར་ནས། 人们遗失了悲悯,摒弃了善行
རྨི་ལམ་དང་འཆར་གཞི་སྟོང་ཙམ་སྒྲིག་བཞིན། 梦想和蓝图虽千般构思
ལག་ལེན་དང་ཕོ་རབ་ཚིག་ཐོག་བརྗེད་སོང་། 实践和应诺却停于纸上
འདས་པའི་དུས་ཚོད་ཆུ་བཞིན་ཤོར་འགྲོ་བས། 岁月如歌难留
ཆེས་ཐོག་མའི་རྣམ་ཤེས་རྨི་ལམ་འཚོལ་འགྲོ 不忘初心追梦
ཁེ་ཕན་གྱི་གྲིབ་མས་གཡོག་པའི་དེང་དུས། 被利益阴影笼罩的当代
སྙིང་རྗེ་དང་ཡར་སེམས་སྤྱོད་ལམ་དོར་ནས། 人们遗失了悲悯,摒弃了善
གོག་བཞིན།གྱང་ཁའི་རྩྭ་ལྟར་ཕར་གཡུག་ཚུར་གཡུག 如墙头之草,顺风而倒
རྨི་ལམ་དང་འཆར་གཞི་སྟོང་ཙམ་སྒྲིག་ནས། 梦想和蓝图虽千般构思
ལག་ལེན་དང་ཕོ་རབ་ཚིག་ཐོག་བརྗེད་ནས། 实践和应诺却停于纸上
དགོད་ཞོར། སྟོང་བསམ་བཏང་ནས་ཉི་མ་ཕར་བསྐྱལ། 依然痴笑,空想度日
ཁེ་ཕན་གྱི་གྲིབ་མས་གཡོག་པའི་དེང་དུས། 被利益阴影笼罩的当代
སྙིང་རྗེ་དང་ཡར་སེམས་སྤྱོད་ལམ་དོར་ནས། 人们遗失了悲悯,摒弃了善行
རྨི་ལམ་དང་འཆར་གཞི་སྟོང་ཙམ་སྒྲིག་བཞིན། 不忘初心逐梦
ལག་ལེན་དང་ཕོ་རབ་ཚིག་ཐོག་བརྗེད་སོང་། 实践和应诺却停于纸上
འདས་པའི་དུས་ཚོད་ཆུ་བཞིན་ཤོར་འགྲོ་བས། 岁月如歌难留
ཆེས་ཐོག་མའི་རྣམ་ཤེས་རྨི་ལམ་འཚོལ་འགྲོ不忘初心追梦
སུན་སྣང་དང་སེམས་ཁྲལ་ཆེ་བའི་ན་གཞོན། 惶惶不安的年轻人
མགོ་བོ་ཡར་བཀྱགས་ཏེ་ཡིད་ཆོས་ཡོད་དགོས།需昂首挺立,重拾自信
ལས་