骏马-欧智卓玛

骏马

歌手:欧智卓玛

专辑:骏马

时间:2019-07-26

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

骏马 - 欧智卓玛

词:才让杰

曲:云丹贡布

འཚེར་སྐད་ལྷང་ལྷང་།

ང་ཡི་རྨ་ཁུག་ཅང་ཤེས།

རྔོག་ཆེན་ལྷོ་སྤྲིན་ཤིག་ཤིག

རྔོག་ཆུང་ཚེ་མདུད་ཤིག་ཤིག

མེས་པོའི་དཔའ་གདེང་གི་རྒྱབ་རི་ཁྱོད་ཡིན།

ཉི་ཟླའི་ཡང་སྟེང་གི་མགོ་རྣ་ཁྱོད་ཡིན།

རྟ་མཆོག་ཡ། རྟ་མཆོག ང་ཡི་རྟ་མཆོག

གླིང་དཀར་སྟོད་ཀྱི་གྱི་ལིང་།

མགོ་རྣ་ཀྲོག་ཀྲོག

ང་ཡི་རྨ་ཁུག་ཅང་ཤེས།

རྨིག་བཞི་སུག་བཞི་གོར་གོར།

གོམ་ལག་རླུང་བུ་ཤུར་ཤུར།

བཙན་པོའི་རུ་དཔུང་གི་དམག་རྟ་ཁྱོད་ཡིན།

དཔའ་བོ་ཁེར་རྒྱུག་གི་དཔུང་རོགས་ཁྱོད་ཡིན།

རྟ་མཆོག་ཡ། རྟ་མཆོག ང་ཡི་རྟ་མཆོག

གླིང་དཀར་སྟོད་ཀྱི་གྱི་ལིང་།

རྨིག་སྒྲ་ཐག་ཐག

ང་ཡི་རྨ་ཁུག་ཅང་ཤེས།

བང་ཆེན་གཙང་བོ་ཤག་ཤག

འདུར་ཆུང་འོ་མ་ལྟེམ་ལྟེམ།

ཡངས་བའི་རྩྭ་ཐང་གི་གཤོག་པ་ཁྱོད་ཡིན།

རེ་སྒུག་ཁྲི་སྟོང་གི་ཕོ་ཉ་ཁྱོད་ཡིན།

རྟ་མཆོག་ཡ། རྟ་མཆོག ང་ཡི་རྟ་མཆོག

གླིང་དཀར་སྟོད་ཀྱི་གྱི་ལིང་།

རྔ་རྔོག་ཤིག་ཤིག

ང་ཡི་རྨ་ཁུག་ཅང་ཤེས།

སྒ་སྲབ་འོད་ཟེར་ལམ་ལམ།

ཁ་མུར་ལྕེ་མདུད་སིལ་སིལ།

ཕྱུག་པོའི་ལྷས་ནང་གི་གཡང་རྟེན་ཁྱོད་ཡིན།

སྟག་ཤར་ཚེ་རིང་གི་སེམས་རྟེན་ཁྱོད་ཡིན།

རྟ་མཆོག་ཡ། རྟ་མཆོག ང་ཡི་རྟ་མཆོག

གླིང་དཀར་སྟོད་ཀྱི་གྱི་ལིང་།།

展开显示全部歌词