达瓦卓玛 - 杨吉
ཚིག དམངས་ཁྲོད།
词:民间
དབྱངས། དམངས་ཁྲོད།
曲:民间
ལེན་མཁན། གཡང་སྐྱིད།
演唱:杨吉
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
དགུང་སངས་ཡར་ལ་གཟིགས་དང་།།
གཞོན་ནུའི་གཞས་ཤིག་བཏང་ཡོང་།།
གཞས་ལ་གཞས་ལན་ལེན་མཁན།།
དགུང་གི་དྲིན་ཆེན་ཉི་མ།།
གཞས་ལ་གཞས་ལན་ལེན་མཁན།།
དགུང་གི་དྲིན་ཆེན་ཉི་མ།།
སྤང་སྟོད་ཡར་ལ་གཟིགས་དང་།།
གཞོན་ནུའི་གཞས་ཤིག་བཏང་ཡོང་།།
གཞས་ལ་གཞས་ལན་ལེན་མཁན།།
སྤང་སྟོད་ཤྭ་བ་སྨུག་ཆུང་།།
གཞས་ལ་གཞས་ལན་ལེན་མཁན།།
སྤང་སྟོད་ཤྭ་བ་སྨུག་ཆུང་།།
མཚོ་སྟོད་ཡར་ལ་གཟིགས་དང་།།
གཞོན་ནུའི་གཞས་ཤིག་བཏང་ཡོང་།།
གཞས་ལ་གཞས་ལན་ལེན་མཁན།།
མཚོ་ནང་གསེར་མིག་ཉ་ཆུང་།།
གཞས་ལ་གཞས་ལན་ལེན་མཁན།།
མཚོ་ནང་གསེར་མིག་ཉ་ཆུང་།།
གཞས་ལ་གཞས་ལན་ལེན་མཁན།།
མཚོ་ནང་གསེར་མིག་ཉ་ཆུང་།།
གཞས་ལ་གཞས་ལན་ལེན་མཁན།།
མཚོ་ནང་གསེར་མིག་ཉ་ཆུང་།།
未经许可,不得翻唱或使用