ཚེ་རིང་རྨ་བྱའི་ལུས་ལ།
རི་མོ་འཇའ་ཚོན་སྣ་ལྔ།
རི་མོ་བྲིས་པ་མ་རེད།
སྐུ་ཚེ་སྔོན་མའི་ལས་རེད།
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་་
ལྷ་བྱ་ཁུ་བྱུག་སྔོན་མོ།
གསུང་སྐད་དེ་འདྲའི་སྙན་པ།
ཆེད་དུ་བརྒྱག་པ་མ་རེད།
སྐུ་ཚེ་སྔོན་མའི་ལས་རེད།
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་་
བྱ་རྒྱལ་ཐང་དཀར་རྒོད་པོ།
གནམ་འཕོང་དགུང་ལ་ཆོད་མཁན།
གཤོགས་རྩལ་མཁས་ལེ་མ་རེད།
སྐུ་ཚེ་སྔོན་མའི་ལས་རེད།
མི་ལུས་རིན་ཆེན་ཐོབ་ཞིང་།
ཚེ་བསོད་ནམས་མངའ་ཐང་བརྒྱས་པ།
ངར་རྒྱལ་ངང་ན་མ་སྐྱེལ།
ཚེ་སྔོན་མ་བསགས་པའི་ལས་ཡིན།
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་
ཨ་ལ་ཡེ་་་་་་་་་