ANAMANA - 索扎
词:阿翅
曲:索扎
编曲:索扎
录音:索扎
混音:索扎
母带:索扎
吉他:CHEF ZG
音乐制作人:索扎
统筹:姜迪安娜 顿珠
监制:成都威士达文化传媒有限公司
出品:成都威士达文化传媒有限公司
ཚིག་གསུམ་ངག་ལ་འཁོར་བ།
དུང་བ་དེའི་ཞགས་པ་ཡིན།
སྲང་ལམ་ཞིག་གི་ཐུག་འཕྲད་དེ་ཕྱི་དྲོ་ཞིག
ནུབ་ཁའི་ཉི་ཟེར་ཁྲོད་ཀྱི་ཁྱོད་རང་གི་རྒྱབ་གཟུགས་དེས།
བདེ་བར་གཟིམ་པའི་ནང་སེམས་ཀྱི་ལྷིང་འཇགས་དཀྲོགས།
གནས་འཁོར་བར་ཁྱོད་འཁོར་ང་འཁོར།
ཕྱིའི་སྤྱོད་པ་འདྲ་ཙམ་འདྲ་ཙམ།
སེམས་ནང་གི་འཆར་སྒོ་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།
སེམས་བརྩེ་བ་ཁྱོད་ཡོད་ང་ཡོད།
འདང་དམར་པོ་འདྲ་ཙམ་འདྲ་ཙམ།
ཁྲེལ་རློམ་པ་ཡོད་ཚད་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།
ལག་པ་བྲང་ཁར་བཞག་ནས།
དམ་ཚིག་དེ་ཁྱོད་ལ་བཤད།
མཐོང་རྒྱུ་མེད་པའི་སྙིང་ཆུང་དེའི་འཕར་སྒྲ་ཕུལ།
གཞན་པ་སུ་ལ་འབྲེལ་བ་མེད་པའི་འུ་གཉིས་ཀྱིས།
འཁོར་བའི་བཙན་རྫོང་ནང་ལག་རྡང་སྦྲེལ་ལ་འགྲོ།
སེམས་བསམ་པ་ཁྱོད་གཙང་ང་གཙང་།
ལམ་སྐྱ་མོ་ལ་རིང་ལ་ཐུང་།
འགྲོ་གོམ་ཁའི་དཀའ་སྡུག་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།
གནས་འཁོར་བར་ཁྱོད་འཁོར་ང་འཁོར།
ལས་སྐྱིད་སྡུག་ཉི་ཤར་ཉི་ནུབ།
རོལ་བསམ་པའི་འཚོ་བ་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།
སེམས་བསམ་པ་ཁྱོད་གཙང་ང་གཙང་།
ལམ་སྐྱ་མོ་ལ་རིང་ལ་ཐུང་།
འགྲོ་གོམ་ཁའི་དཀའ་སྡུག་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།
གནས་འཁོར་བར་ཁྱོད་འཁོར་ང་འཁོར།
ལས་སྐྱིད་སྡུག་ཉི་ཤར་ཉི་ནུབ།
རོལ་བསམ་པའི་འཚོ་བ་བཤད་ན།
གཅིག་བྱས་ན་ཨ་ན་མ་ན།