报答-拉吉

报答

歌手:拉吉

专辑:报答

时间:2022-11-03

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

报答 - 拉吉

གཞས་ཚིག རུ་དམ་སྐལ་བཀྲ།

གཞས་དབྱངས། རྫོགས་ཆེན་བསྟན་འཛིན།

གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།

ལོ་ཆུང་བྱིས་པའི་ལུས་སེམས་ཕྲ་མོ།

སྤང་ལ་མེ་ཏོག་བཞད་པ་འདྲ་བྱུང་།

དྲིན་ཆེན་ཕ་མ་ཁྲི་གདུགས་ཉི་མ་འདྲ།

དྲོ་སྐྱིད་ཀློང་ནས་གསོས་པ་དྲན་ན།

ང་ཚོ་ག་པ་གང་དུ་ཡོད་ཀྱང་།

སྤྲོ་སྣང་ངང་ནས་དྲིན་ལན་ཡང་ཡང་ཞུ་ཡོང་།

བློ་ཆུང་བྱིས་པའི་སྣང་བ་ཕྲ་མོ།

ནག་ལ་སྤྲེའུ་ཉུལ་བ་འདྲ་བྱུང་།

དྲིན་ཆེན་མིང་སྲིང་ལྷ་ཡི་གར་པ་འདྲ།

རྩེད་འཇོ་ཀློང་ནས་གསོས་པ་དྲན་ན།

ང་ཚོ་ག་པ་གང་དུ་ཡོད་ཀྱང་།

སྤྲོ་སྣང་ངང་ནས་དྲིན་ལན་ཡང་ཡང་ཞུ་ཡོང་།

སློབ་ཆུང་བྱིས་པའི་བློ་རིག་ཕྲ་མོ།

ཞིང་ལ་མྱུ་གུ་འཁྲུངས་བ་འདྲ་བྱུང་།

དྲིན་ཆེན་དགེ་རྒན་སྤྲིན་པ་དཀར་པོ་འདྲ།

ཆར་ཟིམ་ཀློང་ནས་གསོས་པ་དྲན་ན།

ང་ཚོ་ག་པ་གང་དུ་ཡོད་ཀྱང་།

སྤྲོ་སྣང་ངང་ནས་དྲིན་ལན་ཡང་ཡང་ཞུ་ཡོང་།

展开显示全部歌词