编曲:赫连长泓
录音:魔力未来OGEN乐乐
混音:朱海
འཛམ་གླིང་ཞི་བདེ་་
མི་རེ་རེས་བྱམས་བརྩེ་ཕུལ། འཛམ་གླིང་འབྱུང་འགྱུར་དགེ་ལེགས་ལྟར།
དམག་འཁྲུགས་ཚང་མ་མཚམ་བྱོས། འཛམ་གླིང་ཞི་བདེ་བར་ཤོག
འཛམ་གླིང་ཞི་བདེ་་
མི་རེ་རེས་བྱམས་བརྩེ་ཕུལ། འཛམ་གླིང་འབྱུང་འགྱུར་དགེ་ལེགས་ལྟར།
དམག་འཁྲུགས་ཚང་མ་མཚམ་བྱོས། འཛམ་གླིང་ཞི་བདེ་བར་ཤོག
ང་དང་ང་ཡི་འཚོ་བ་འདི།། ལྟོ་སྐྱ་གོས་ཧྲལ་ཡིན་ན་ཡང་།།
སེམས་དང་སེམས་ཀྱི་བདེ་སྐྱིད་དེ།། ཕྱི་གཙང་ནང་གཙང་ཡིན་སོང་།།
ཚེ་དང་སྲོག་ལ་རིན་ཐང་ཡོད།། སྐྱིད་དང་སྡུག་ལ་མངར་སྐྱུར་མོད།།
ཁ་བ་བོད་པའི་བློ་སེམས་དཀར་བོ།། མཐུན་སྒྲིལ་འཛམ་གླིང་ཡོངས་ལ་ཁྱབ་ཤོག།
རིག་པའི་ལང་ཚོ་རྒྱས་པའི་གཞོན་པའི་སྣང་བའི་སེམས།། གནས་ལྔའི་ཤེས་རིག་གླིང་ལ་འོད་ཀྱིས་ཁྱབ།།
བྱམས་དང་བརྩེ་བའི་འོད་ཁྱིམ་ལ།། བདེན་པའི་རང་མདངས་གསལ་ལེར་མངོན་འདུག།
མཐོ་སྒང་བོད་པའི་གདོང་རྒྱུད་སྨུག་པོ།། ཞི་བདེ་ཕོ་ཉའི་རུས་རྐང་ཡིག་འདུག།།
ཕ་རྒྱུད་རུས་པ་གསེར་ཡིན།། མ་རྒྱུད་རུས་པ་དུང་ཡིན།།
ཤ་རུས་གངས་ཅན་བོད་ཡིན།
འཛམ་གླིང་ཞི་བདེ་་
མི་རེ་རེས་བྱམས་བརྩེ་ཕུལ། འཛམ་གླིང་འབྱུང་འགྱུར་དགེ་ལེགས་ལྟར།
དམག་འཁྲུགས་ཚང་མ་མཚམ་བྱོས། འཛམ་གླིང་ཞི་བདེ་བར་ཤོག
འཛམ་གླིང་ཞི་བདེ་་
མི་རེ་རེས་བྱམས་བརྩེ་ཕུལ། འཛམ་གླིང་འབྱུང་འགྱུར་དགེ་ལེགས་ལྟར།
དམག་འཁྲུགས་ཚང་མ་མཚམ་བྱོས། འཛམ་གླིང་ཞི་བདེ་བར་ཤོག
ཁ་བ་ ཁ་བ་གངས་ཅན་བོད་པ་་
འཛམ་གླིང་་་འཛམ་གླིང་ཞི་བདེ་འབོད་པ་་
བདེན་པའི་ལམ་བཟང་འཚོལ་མཁན་་ མཐུན་སྒྲིལ་ལག་ཟུང་སྦྲེལ་བ་
ཞི་བདེ་ཞེས་པ་ཞི་བདེ་མིན་་ རང་སེམས་རང་གི་སྲུང་བ་ཞི་བདེ་ཡིན་་་
ལ་རྒྱ་ཞེས་པ་ལ་རྒྱ་མིན་་ རང་རིགས་རང་གི་སྲུང་བ་ལ་རྒྱ་ཡིན་་་
བཀུར་བསྟི་བཀུར་བསྟི་ཞེས་པ་བཀུར་བསྟི་མིན་་་
ཆེ་བཀུར་ཆུང་བྱམས་ཡོད་པ་བཀུར་བསྟི་ཡིན་་་
དུངས་སེམས་དུངས་སེམས་ཞེས་པ་དུངས་སེམས་མིན་་
ཕ་མའི་དྲིན་ལན་བསམ་པ་དུངས་སེམས་ཡིན་་་
ཉི་མའི་འོད་ཀྱི་གྲོང་ཁྱེར་རེད་་ ཕོ་ཉ་དཀར་པོའི་གཞིས་ཁྱིམ་རེད་
དད་པའི་ཚེ་སྲོག་སྲུང་བ་རེད་་་ གཞན་ལ་འཚེ་མེད་རྒྱན་ཆ་རེད་་་
སྲུང་སྐྱོབ་ཞེས་པ་སྲུང་སྐྱོབ་མིན་་་་ རང་སྐད་སྲུང་ན་སྲུང་སྐྱོབ་ཡིན་་
མཐུན་སྒྲིལ་ཞེས་པ་མཐུན་སྒྲིལ་མིན་་་ མཐུན་པར་གྱིས་དང་མཐུན་སྒྲིལ་ཡིན་