大年初一-彭毛德吉

大年初一

歌手:彭毛德吉

专辑:大年初一

时间:2025-06-16

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

大年初一 (ལོ་སར་ཚེས་གཅིག) - 彭毛德吉

词:东日慕塔

曲:东格尔洛桑

དེ་རིང་ལོ་སར་ཚེས་གཅིག།

བཀྲ་ཤིས་གཡང་གི་ཉིན་མོ།།

འཛོམས་གསུམ་འཛོམས་པའི་དུས་བཟང་།།

ལས་དང་སྐལ་བས་གནང་བྱུང་།།

ང་ཚོ་འཛོམས་སའི་གཞིས་ལ།།

མངར་གསུམ་ཟས་སྣ་རང་འཛོམས།།

དགྱེས་འཛོམས་སྐྱིད་པའི་སྨོན་འདུན།།

བྲོ་དང་གར་གྱིས་མཆོད་འགྲོ།།

འདི་རུ་འཛོམས་པའི་མི་ལ།།

ཚེ་རིང་ནད་མེད་ཞུས་ཡོད།།

ཕྱིས་སུ་བསྐྱར་འཛོམ་ཡོང་བའི།།

སྨོན་འདུན་གླུ་ལ་བཅོལ་ཡོད།།

དེ་རིང་ལོ་སར་ཚེས་གཅིག།

རྟེན་འབྲེལ་ཡོངས་ཀྱི་འགོ་མ།།

ཕ་མ་ཉི་ཟླ་ཁ་སྤྲོད།།

གཡང་ཁྱིམ་རྒྱན་དུ་ཤར་ཡོད།།

ཕུ་ནུ་སྐར་ཆེན་སྐར་ཆུང་།།

ལྷན་འཛོམས་སྐྱིད་དུ་འཚེར་ཡོད།།

ཁ་མཚར་རྩེད་མོ་ཡག་པ།།

གཞིས་མགྲོན་སྐྱིད་ལ་རང་འཁོར།།

ཁ་གཡང་སྨོན་འདུན་ནང་ལ།།

འཛམ་གླིང་ཞི་བདེ་བསྣམས་ཡོད།།

ཕྱི་སྣོད་འཇིག་རྟེན་བདེ་ཞིང་།།།

ནང་བཅུད་སེམས་ཅན་སྐྱིད་ཤོག།

展开显示全部歌词