GOD DAMN - SDKN
词:SDKN
曲:Caesar L
编曲:SDKN
དུས་ཚོད་ནི་ཉིན་རེ་ནས་ཉིན་རེ་བཞིན་འགྲོ་བཞིན་འདུག་
དོན་དག་དེ་ལོ་རེ་ནས་ལོ་རེ་བཞིན་མང་བཞིན་འདུག་།
བསམ་བློ་བརྒྱ་བཏང་དགུ་བཏང་བྱེད་ནས་ལག་ལེན་ཅི་ཡང་མེད་།
ང་ཕོ་ལོ་ཉི་ཤུ་ཡིན་ཡང་ཕ་མའི་དྲིན་ལན་སྤུ་རྩམ་འཇལ་མེད་།
ཡང་མི་ཡུལ་རྒྱ་སར་སླེབས་ནས་ལོ་གྲངས་འགའ་
ཕ་ཡུལ་ལོག་པའི་ངང་ཚུལ་དེ་ཕུགས་བསམ་འདྲ་
སེམས་ཀྱི་དམར་མདྭངས་དེ་ཉམས་མེད་ངག་གི་སྨོན་ལམ་དེ་ཆད་མེད་།
དཱ་ང་དང་མཉམ་དུ་འགྲོ་མཁན་ཡི་bro
ལས་དང་དབང་གི་དགག་པའི་bro
ཁྱོད་ཀྱི་ཤུགས་ཅིག་རྒྱོབ་དང་bro
མུ་མཐུད་རང་གི་ལམ་དེ་བརྒྱུད་ནས་སོང་དང་bro
རང་གི་ཁྲག་རྒྱུད་དེ་མ་བརྗེད་bro
སྔར་བཞིན་ཁྱིམ་ལ་ལོག་འགྲོ་bro
གཡུ་མདོག་གི་ནམ་མཁའ་ནང་དུ་འཕུར་འགྲོ་།
མཐའ་མེད་གི་རྩ་ཐང་སྟེང་དུ་རྒྱུགས་ཤོགས་།
བརྗེད་ཉམས་གི་གངས་རིའི་འདབས་སུ་ཉལ་ལོ་།
རྣམ་དག་གི་དད་མོས་འོག་ཏུ་འོ་ཕྱག་འཚལ་ལོ་།
ཕ་སྤྲེལ་མ་བྱའི་རྒྱུད་རྣམས་དེ་
ངའི་སྙིང་འབོད་སྒྲ་རེད།
ཁྱེད་ཀྱི་རྣ་བའི་བདུད་རྩི་རེད།
ཁྱེད་ཀྱིས་ཉན་དུས་གོ་བ་ལོན་པ་གྱིས།
གླུ་དང་གླུ་ཡི་ནང་དོན་དེ་འདྲ་ས་གདའ།
མི་དང་མི་ཡི་བསམ་བློ་དེ་ཁྱད་པར་གདའ།
ཁམས་ཤར་ཕྱོགས་ཚར་བའི་བུ་ཆུང་ང།
རྩ་ཐང་གི་སྦྲ་ནག་འོག་ཏུ་སྐྱེས་པའི་ང།
རྩམ་པ་དང་འོ་མས་གསོས་པའི་གདོང་དམར་ཞིག།
ངའི་མི་ཚེ་ཡི་མདུན་ལམ་གྱི་ཆེད་དུ་
ཁྱིམ་དང་བྲལ་དུས་སེམས་པ་དེ་སྡུག་གིན་སྡུག་གིན།
རྒྱུགས་ལེན་གྱི་སྐར་མ་དེ་དྲུག་དགུ་དྲུག་དགུ།
འགྲོ་ལུགས་འགྲོ་སྟང་དེ་Dog Dog god ****
ངེད་གཉིས་གཞས་མ་གཏམ་གྱི་ཆུ་ཚད་དེ་ངོ་མ་དཔེ་རེད།
ཐག་རིང་ཡོད་པའི་བོད་རིགས་སྤུན་ཟླ་ཚོ།
བློ་རྩེ་གཅིག་སྒྲིམ་ཕ་མའི་རེ་བ་རེད།
འཐུས་ཤོར་མ་གཏོང་རང་རིགས་རིག་གནས་དེ།
ཁྱེད་ཀྱི་ཉོན་དང་ཐུགས་རྗེ་ཆེ་ཞིག་ཞུ།
ཁྱོད་ཀྱི་གླུ་དེ་ནང་དོན་གོ་བ་ལོན་ན་ཤིན་ཏུ་ལེགས།།།