富饶之地-华旦

富饶之地

歌手:华旦

专辑:富饶之地

时间:2018-04-01

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

富饶之地 - 华旦

词:西德尼玛

曲:却旦

ཞང་ཡ་རེ་ལོ་་་་་་

རི་ཡག་པ་ཞིག་ལ་འབྲོང་བརྒྱ་འཁོར།

འབྲོང་བརྒྱ་ཡི་རྭ་རྩེ་མཉམ་ནོ་གན།

རྩྭ་རམ་དཀར་འཛོམས་པའི་སྐུ་དྲིན་རེད།

ནང་རྫ་ཆུ་དྭངས་མོའི་བཀའ་དྲིན་རེད།

འབྲོང་རུ་དམར་གཤར་ལམ་བདེ་སོང་ན།

སྤུན་ཟླ་ལགས། ངའི་སེམས་ཀྱི་སྨོན་འདུན་མཆོད།

ཞང་ཡ་རེ་ལོ་་་་་་

ཁྱིམ་འཛོམས་པོ་ཞིག་ལ་བུ་གཡང་འཁོར།

བུ་བུ་མོ་འདབ་ལག་རྒྱས་ནོ་གན།

ཕ་བཟང་པོ་ཞིག་གི་སྐུ་དྲིན་རེད།

མ་བཟང་མོ་ཞིག་གི་བཀའ་དྲིན་རེད།

ཁྱིམ་སྒོ་རྭ་གཡང་གཞིས་བརྟན་སོང་ན།

སྤུན་ཟླ་ལགས། ངས་སེམས་ཀྱི་མཆོད་ཆང་འདྲེན།

ཞང་ཡ་རེ་ལོ་་་་་་

སྡེ་ཕྱུག་མོ་ཞིག་ལ་ན་ཟླ་འཁོར།

ནང་ན་ཟླའི་ཁ་སེམས་མཐུན་ནོ་གན།

ཕ་ཨ་ཁུ་བཟང་བོའི་སྐུ་དྲིན་རེད།

སྲོལ་བཟང་པོ་ཞིག་གི་བཀའ་དྲིན་རེད།

སྡེ་ཆེན་པོའི་སྡེ་ལུང་སྐྱིད་སོང་ན།

སྤུན་ཟླ་ལགས། ངས་སེམས་ཀྱི་བསྟོད་གླུ་འབུལ།

སྡེ་ཆེན་པོའི་སྡེ་ལུང་སྐྱིད་སོང་ན།

སྤུན་ཟླ་ལགས། ངས་སེམས་ཀྱི་བསྟོད་གླུ་འབུལ།

展开显示全部歌词