缘分-次仁桑珠
    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

缘分 - 次仁桑珠

ཁྱེད་ཀྱི་མདོ་ཁམས་བསྐོར་ཡོང་།

ང་ཡིས་མངའ་རིས་བསྐོར་ཡོང་།

ང་གཉིས་ལས་འགྲོ་ཡོད་ན།

གནས་མཆོག་ལྷ་སར་འཛོམས་ཡོང་།

ང་གཉིས་ལས་འགྲོ་ཡོད་ན།

ཀོང་པོ་བྱེའུ་ཆུང་འཇོལ་མོ།

མོན་གྱི་ཁུ་བྱུག་སྔོན་མོ།

གནས་མཆོག་ལྷ་ལྡན་གཞིང་གི།

ནོར་བུ་གླིང་ལ་འཛོམས་སོང་།

ཀོང་པོ་བྱེའུ་ཆུང་འཇོལ་མོ།

མོན་གྱི་ཁུ་བྱུག་སྔོན་མོ།

གནས་མཆོག་ལྷ་ལྡན་གཞིང་གི།

ནོར་བུ་གླིང་ལ་འཛོམས་སོང་།

ང་དང་བྱམས་པའི་བར་ལ།

གངས་རི་ཆུ་བོ་གཅོད་ཀྱང་།

བརྩེ་སེམས་འགྱུར་བ་མེད་པ།

རྡོ་རྗེ་བྲག་བཞིན་གནས་ཡོད།

བརྩེ་སེམས་འགྱུར་བ་མེད་པ།

རྡོ་རྗེ་བྲག་བཞིན་གནས་ཡོད།

ཤར་གྱི་ལྷ་སའི་སྐྱིད་ཆུ།

ནུབ་ཀྱི་རྡོ་ལོང་ཕུ་ཆུ།

ཤར་ནུབ་གཉིས་ནས་བརྒྱུགས་ཀྱང་།

འཛོམས་ས་ཆུ་ཤུར་ཟམ་འོག

ཤར་གྱི་ལྷ་སའི་སྐྱིད་ཆུ།

ནུབ་ཀྱི་རྡོ་ལོང་ཕུ་ཆུ།

ཤར་ནུབ་གཉིས་ནས་བརྒྱུགས་ཀྱང་།

འཛོམས་ས་ཆུ་ཤུར་ཟམ་འོག

ཤར་གྱི་ལྷ་སའི་སྐྱིད་ཆུ།

ནུབ་ཀྱི་རྡོ་ལོང་ཕུ་ཆུ།

ཤར་ནུབ་གཉིས་ནས་བརྒྱུགས་ཀྱང་།

འཛོམས་ས་ཆུ་ཤུར་ཟམ་འོག

ཡ་ལ་ཡ་ལ་ཡེ་་་

གནས་མཆོག་ལྷ་ལྡན་གཞིང་གི།

ཡ་ལ་ཡ་ལ་ཡེ་་་

ནོར་བུ་གླིང་ལ་འཛོམས་སོང་།

ཡ་ལ་ཡ་ལ་ཡེ་་་

ཤར་ནུབ་གཉིས་ནས་བརྒྱུགས་ཀྱང་།

ཡ་ལ་ཡ་ལ་ཡེ་་་

འཛོམས་ས་ཆུ་ཤུར་ཟམ་འོག

འཛོམས་ས་ཆུ་ཤུར་ཟམ་འོག

展开显示全部歌词