西藏布姆-巴金旺甲

西藏布姆

歌手:巴金旺甲

时间:2016-09-10

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

西藏布姆 - 巴金旺甲

词:丹曲

曲:西藏民间

ཕར་ལ་མིག་གཅིག་བལྟས་པས།

ཚུར་ལ་སྤྱན་གཅིག་གཟིགས་བྱུང་།

བོད་ཀྱི་བུ་མོ།

སྤྱན་མིག་ཀྲི་ཁའི་འོག་ནས།

ལས་འཕྲོའི་མདུད་པ་ཐེབས་སོང་།

བོད་ཀྱི་བུ་མོ།

འོ་འོ་འོ་ཧ་ཡེ།

བོད་ཀྱི་བུ་མོ།

ང་དང་མཉམ་དུ་ཕེབས་དང་།

ང་ཚོ་བོད་ཀྱི་བུ་མོར་སྲོལ་རྒྱུན་གྱི་གཤིས་བཟང་ཡོད།

ང་ཚོ་བོད་ཀྱི་བུ་མོར་དེང་རབ་ཀྱི་མཛེས་ཉམས་ཡོད།

བོད་ཀྱི་བུ་མོ་མཛེས་མའི་མཛེས་མ་ཡིན།

སྤྱན་མིག་ཁྲ་ཁྲ་ཚུར་ལ་གཟིགས་དང་།

སྐུ་གཟུགས་ལྡེམ་ལྡེམ་ཞབས་བྲོ་འཁྲབ་དང་།

གསུངས་སྐད་འཇོལ་མོ་གླུ་གཞས་ལེན་དང་།

མཛེས་མ།

ཚུར་ཕེབས་དང་།

ང་དང་མཉམ་དུ་ཞབས་བྲོ་འཁྲབ་དང་།

མཛེས་པའིབོད་པའི་་བུ་མོ།

མཛེས་མ།

མཛངས་མ།

ཡིད་འཕྲོག་མ།

ང་དང་མཉམ་དུ་ཕེབས་ཤོག

ང་ཚོ་བོད་ཀྱི་བུ་མོ།

ཞལ་རས་མཛེས།

སྐུ་གཟུགས་མཛེས།

སྤྱན་མིག་མཛེས།

དབུ་སྐྲ་མཛེས།

རྣམ་པ་མཛེས།

ང་ཚོ་བོད་ཀྱི་བུ་མོ།

ཡོན་ཏན་བཟང་།

གཤིས་རྒྱུད་བཟང་།

ཀུན་སྤྱོད་བཟང་།

ཐུགས་སེམས་བཟང་།

གཟུགས་བྱད་བཟང་།

ང་ཚོ་བོད་ཀྱི་བུ་མོ།

སྣང་བ་སྐྱིད།

ཀུན་ལ་བཟང་།

གཞན་ལ་བྱམས།

རང་ལ་བརྩེ།

མཛངས་མ་རེད།

བུ་མོ་ལགས།

ཁྱེད་རང་ཡག་པོ་ཞེ་དྲག་རེད།

ཁྱེད་ཀྱི་མདུན་ལ་བལྟས་ན།

མདུན་བཟོ་ཡག་པ་ལ།

ཁྱེད་ཀྱི་རྒྱབ་ལ་བལྟས་ན།

རྒྱབ་བཟོ་ཡག་པ་ལ

ཞལ་རས་དཀར་གསལ་ཟླ་བ།

དབུ་སྐྲ་སི་ལིང་ལྗང་པ།

འཇུར་རྟ་རྟིང་ཀ་ཙོག་ཙོག

དབྱིངས་ལ་སྟེར་སོ་དོད་པོ།

དབྱིངས་ལ་སྟེར་སོ་དོད་པོ།

འོ་འོ་འོ།

དབུ་སྐྲ་སི་ལིང་ལྗང་པ།

ཞལ་རས་དཀར་གསལ་ཟླ་བ།

སྐུ་གཟུགས་རྩ་རིའི་སྨྱུག་མ།

ཁྱེད་ཀྱི་གཤིས་བཟང་ལ་ང་རང་ཧ་ཅང་དགའ་སོང་།

ཁྱེད་ཀྱི་མཛེས་ཉམས་ལ་ང་རང་ཧ་ཅང་སྐྱིད་སོང་།

བོད་ཀྱི་བུ་མོ་དེ་འདྲའི་མཛེས་པ་ལ།

སྐུ་གཟུགས་མདའ་ལས་འདྲོངས་བའི་བུ་མོ་འོ་འོ་འོ།

ཞལ་རས་དུང་ལས་དཀར་བའི་བུ་མོ་འོ་འོ་འོ།

ཐུགས་སེམས་གངས་ལས་དཀར་བའི་བུ་མོ་འོ་འོ་འོ།

བོད་ཀྱི་བུ་མོ་དེ་འདྲའི་མཛེས་པ་ལ།

ཕར་ལ་མིག་གཅིག་བལྟས་པས།

ཚུར་ལ་སྤྱན་གཅིག་གཟིགས་བྱུང་།

བོད་ཀྱི་བུ་མོ།

སྤྱན་མིག་ཀྲི་ཁའི་འོག་ནས།

ལས་འཕྲོའི་མདུད་པ་ཐེབས་སོང་།

བོད་ཀྱི་བུ་མོ།

ཨེ་ཡ་ཡེ།

བོད་ཀྱི་བུ་མོ།

展开显示全部歌词