布达拉 - 阿卓
རྩེ་པོ་ཏ་ལ།
ཚིག བསྒྱུར་བཟོ།
དབྱངས། དམངས་ཁྲོད།
གཞས་མ། ཨ་སྒྲོན།
རྩེ་པོ་ཏ་ལ་ཡི་རྩེ་མོ་ནས།།
ཤར་ནས་ཉི་མ་ཤར་ལ་བྱུང་།།
དེ་ཚོ་ཉི་མ་མ་རེད་བླ་མ་རེད།།
ངའི་བླ་མ་དུས་གསུམ་སངས་རྒྱས་རེད།།
རྩེ་པོ་ཏ་ལ་ཡི་སྐད་པ་ནས།།
ཤར་ནས་ཟླ་བ་ཤར་ལ་བྱུང་།།
འདིར་ཚོ་ཟླ་བ་མ་རེད་དཔོན་པོ་རེད།།
ངའི་དཔོན་པོ་ཁམས་གསུམ་དབང་འདུས་རེད།།
རྩེ་པོ་ཏ་ལ་ཡི་རྩ་བ་ནས།།
ཤར་ནས་སྐར་མ་ཤར་ལ་བྱུང་།།
འདིར་ཚོ་སྐར་མ་མ་རེད་ཕ་མ་རེད།།
ངའི་དྲིན་ཆེན་ཕ་མའི་ཕ་མ་རེད།།
བྲག་གཡད་པའི་འོག་ནས་ཆུ་ཞིག་རྒྱུག།
དེ་ཚོ་ཆུ་བོ་མ་རེད་བདུད་རྩི་རེད།།
མ་དང་མཁའ་འགྲོའི་གནང་བའི་བདུད་རྩི་རེད།།
མ་དང་མཁའ་འགྲོའི་གནང་བའི་བདུད་རྩི་རེད།།