གངས་ལྗོངས་ཁུ་བྱུག 雪域杜鹃
ཚིག རི་ཇག 作词:日甲
དབྱངས། འཇིགས་བྱེད་འཚོ། 作曲:久西措
ལེན་མཁན། ཤེར་བསྟན། 演唱:谢旦
ཇུས་འགོད། ཧོར་བྲག་སྲས། 设计:霍扎赛
ཁུ་བྱུག ཁུ་བྱུག 杜鹃 杜鹃
ངག་མི་འགྱུར་ཚངས་སྲས་ལྷ་མོ་ཡི་གཅེས་ཕྲུག ། 不变之语 仓央嘉措的宠儿
གདངས་མི་འགྱུར་ཇོ་ཀའི་དྲུག་འགྱུར་གྱི་སྙན་པ། 不变之韵 觉沃六弦琴的妙音
ཁུ་བྱུག ཁུ་བྱུག 杜鹃 杜鹃
གཤིས་མི་འགྱུར་འབྲོག་མྱི་སྨུག་པོ་ཡི་རང་ཚུགས ། 不变之性 牧人黝黑的纯真
བུ་ང་རང་དགའ་སའི་དབྱངས་སྙན་གྱི་ལྷ་བྱ ། 是我心悦的雪域吉祥鸟
བུ་ང་རང་དགའ་སའི་དབྱངས་སྙན་གྱི་ལྷ་བྱ ། 是我心悦的雪域吉祥鸟
ཁུ་བྱུག ཁུ་བྱུག 杜鹃 杜鹃
ཁྲོམ་ཆེན་པོ་ཞིག་གི་གླུ་ངག་གི་མཆོད་པ། 海市蜃楼的诗歌供奉
སྡེ་ཆེན་པོ་ཞིག་གི་ན་ཟླ་ཡི་དྲན་ཤིང་། ། 大部落里的心系故友
ཁུ་བྱུག ཁུ་བྱུག 杜鹃 杜鹃
ཞེ་སྨྲེང་བ་གསོ་བའི་འགག་མེད་ཀྱི་གླུ་སྐད། ། 疗愈愁思的无尽歌谣
བུ་ང་རང་དགའ་སའི་བརྩེ་ལྡན་གྱི་གངས་ཕྲུག ། 是我钟情的雪域少年
བུ་ང་རང་དགའ་སའི་བརྩེ་ལྡན་གྱི་གངས་ཕྲུག ། 是我钟情的雪域少年
ཁུ་བྱུག ཁུ་བྱུག 杜鹃 杜鹃
སེམས་གངས་དཀར་འཁྲི་སའི་དཔྱིད་གསུམ་གྱི་ཕོ་ཉ། ། 心驰雪山之巅的阳春信使
མིག་ཁྲ་ཆུང་འཁོར་སའི་དབྱར་གསུམ་གྱི་མགྲོན་པོ། ། 目随盘旋的盛夏宾客
ཁུ་བྱུག ཁུ་བྱུག 杜鹃 杜鹃
ལྷོ་མོན་ཡུལ་འགྲིམ་པའི་སྟོན་གསུམ་གྱི་དྲན་པ། ། 远赴南方的金秋思忆
བུ་ང་རང་དགའ་སའི་གངས་ལྗོངས་ཀྱི་ཁུ་བྱུག ། 是我心怡的雪域杜鹃
བུ་ང་རང་དགའ་སའི་གངས་ལྗོངས་ཀྱི་ཁུ་བྱུག ། 是我心怡的雪域杜鹃