མཛེས་ལྡན་སྒྲོལ་མ།
美丽卓玛
ཚིག བསོད་ནམས་ནོར་བུ།
词:索朗闹吾
དབྱངས། སྒྱུར་བཟོ།
曲:改造
གཞས་པ། བསོད་ནམས་ནོར་བུ།
演唱:索朗闹吾
སྔོན་འབྲེལ་ལས་ཀྱིས་བསྐོས་པའི།།
མཛེས་ལྡན་ཡིད་འོང་སྒྲོལ་མ།།
བརྩེ་སེམས་རྡོ་རྗེའི་རི་མོ།།
བུ་ངའི་སྙིང་ལ་བྲིས་ཡོད།།
སྒྲོལ་མ་ལགས་འདི་ན་ཕེབས་དང་།།
སྤྲོ་སྐྱིད་ཀྱི་འཚོ་བ་རོལ་ཆོག།
སྔོན་འབྲེལ་ལས་ཀྱིས་བསྐོས་པའི།།
མཛེས་ལྡན་ཡིད་འོང་སྒྲོལ་མ།།
གཡུ་མཚོའི་གཡོ་ལྡེམ་མཐོང་དུས།།
སྙིང་གྲོགས་ལྡེམ་གཟུགས་དྲན་སོང་།།
ཁུ་བྱུག་དབྱངས་སྙན་ཐོས་དུས།།
སྙིང་གྲོགས་ཞལ་མདངས་དྲན་སོང་།།
སྙིང་གྲོགས་ལགས་འདི་ན་ཕེབས་དང་།།
དུང་སེམས་ཀྱི་སྙིང་གཏམ་གླེང་ཆོག །
གཡུ་མཚོའི་གཡོ་ལྡེམ་མཐོང་དུས།།
སྙིང་གྲོགས་ལྡེམ་གཟུགས་དྲན་སོང་།།
རྒྱུས་མེད་རྨི་ལམ་ནང་ནས།།
སྙིང་གྲོགས་ཞལ་དཀར་དུང་ཟླ།།
ཡིད་ལ་ཤར་གྲངས་མང་ཡང་།།
ཐུག་རེགས་གང་ཡང་མི་འདུག །
སྙིང་གྲོགས་ལགས་འདི་ན་ཕེབས་དང་།།
མཉམ་འཛོམ་གྱི་གླུ་དབྱངས་ངས་ལེན། །
རྒྱུས་མེད་རྨི་ལམ་ནང་ནས།།
སྙིང་གྲོགས་ཞལ་དཀར་དུང་ཟླ།།