心中的花儿-勒毛措

心中的花儿

歌手:勒毛措

专辑:蓝色家园

时间:2021-01-01

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

心中的花儿 - 勒毛措

词:文都曲琼

曲:娘泽加

音乐宣传:谢旦贴吧工作室

ཕ་ཡུལ་སྙིང་གི་མེ་ཏོག།

འདབ་བརྒྱའི་སྙིང་གི་གེ་སར།།

ང་ཡི་སྐྱབས་གནས་དཀོན་མཆོག།

གཙུག་གི་བིས་མདོ་དགོན་ཆེན།།

སྙན་མོ་ངག་གིས་མཆོད་ཡོད།།

ཕ་ཡུལ་སྙིང་གི་མེ་ཏོག།

མེ་ཏོག་ནང་གི་པད་མ།།

བླ་མ་བཀའ་དྲིན་ཅན་པོ།

པཎ་ཆེན་སྣང་བ་མཐའ་ཡས།།

སྙན་མོ་གླུ་ཡིས་མཆོད་ཡོད།།

ཕ་ཡུལ་སྙིང་གི་མེ་ཏོག།

མེ་ཏོག་དྲི་བསུང་ཀུན་ཁྱབ།།

མཆོད་རྟེན་བྱིན་རླབས་རང་འཁྱིལ།།

འཛམ་གླིང་བཀྲ་ཤིས་སྒོ་མང།།

སྙན་མོ་གླུ་ཡིས་མཆོད་ཡོད།།

ཕ་ཡུལ་སྙིང་གི་མེ་ཏོག།

མཛེས་པའི་མེ་ཏོག་ལྡུམ་ར།།

མེ་ཏོག་སྣ་བརྒྱ་བཞད་ས།།

པཎ་ཆེན་བོད་ཡིག་སློབ་འབྲིང་།།

སྙན་མོ་གླུ་ཡིས་བསྟོད་ཡོད།

ཕ་ཡུལ་སྙིང་གི་མེ་ཏོག་།

མེ་ཏོག་མཛེས་པའི་རྒྱན་ཆ།

འཛམ་གླིང་ཀུན་འདུས་ཞལ་ཐང།།

མཛེས་པ་སེམས་ཀྱི་དགའ་སྟོན།།

སྙན་མོ་གླུ་ཡིས་བསྟོད་ཡོད།།

ཕ་ཡུལ་སྙིང་གི་མེ་ཏོག།

མེ་ཏོག་སྣ་ཚོགས་འཛོམས་ས།།

རྒྱབ་རི་ཕ་མ་འདྲ་བོ།།

གནས་རི་ཨ་མྱེས་གོ་རྫོང་།།

སྙན་གླུ་ཡིས་བསྟོད་ཡོད།།

སྙན་གླུ་ཡིས་བསྟོད་ཡོད།།

སྙན་གླུ་ཡིས་བསྟོད་ཡོད།།

སྙན་གླུ་ཡིས་བསྟོད་ཡོད།།

展开显示全部歌词