达瓦拉姆-瓜尔康珠

达瓦拉姆

歌手:瓜尔康珠

专辑:达瓦拉姆

时间:2021-10-11

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

达瓦拉姆 - 瓜尔康珠

词:恰噶:多杰才让

曲:尕太加

༄། ཟླ་བ་ལྷ་མོ།

ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།

གཞས་དབྱངས། དཀའ་ཐུབ་རྒྱལ། གཞས་མ། མགར་མཁའ་འགྲོ།

ཟླ་བ་ལྷ་མོ་ཁྱོད་མཛེས་ཤིང་སྡུག་པ་ལ།

སེམས་ཀྱི་ཨ་མ་ཟླ་བ་ལྷ་མོ་མཛེས་པ་ལ།

ང་ཡི་སེམས་གཏིང་གི་སངས་རྒྱས་གསོན་པོ་ཡིན།

བྱམས་དང་སྙིང་རྗེ། དྲི་ཞིམ་མེ་ཏོག་བཞད་པའི་ལྷ།

ཆུང་ཆུང་ལུ་གུ་འཚོ་རོགས་ཨ་མ་ཡིན།

ཡང་ཆུང་མེ་ཏོག་འཐུ་རོགས་ཨ་མ་ཡིན།

ལྷག་བསམ་འཛུམ་དཀར་རི་མོ་བརྣོགས་མེད་པའི།

སེམས་ཀྱི་ཨ་མ། ཟླ་བ་ལྷ་མོ་མཛེས་པ་ལ།

ཟླ་བ་ཁྱོད། ཨ་མ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཨ་མ་ཁྱོད། ཟླ་བ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཟླ་བ་ལ། ལྷ་མོ་ལ།

ཡིད་འཕྲོག་ལྷ་ལས་ཀྱང་མཛེས།

སེམས་ཀྱི་ཨ་མ་ཟླ་བ་ལྷ་མོ་མཛེས་པ་ལ།

ཟླ་བ་ལྷ་མོ་ཁྱོད་མཛེས་ཤིང་སྡུག་པ་ལ།

སྙིང་གི་ཨ་མ་ཟླ་བ་ལྷ་མོ་མཛེས་པ་ལ།

ང་ཡི་སེམས་གཏིང་གི་སྒྲོལ་མ་གསོན་པོ་ཡིན།

མི་ལུས་རིན་ཆེན། ཚེ་དང་བསོད་ནམས་བསྐྲུན་པའི་ལྷ།

ཆུང་ཆུང་སེམས་གཏམ་བཤད་རོགས་ཨ་མ་ཡིན།

ཡང་ཆུང་རྩེད་ར་རྩེ་རོགས་ཨ་མ་ཡིན།

ཤ་དང་ཁྲག་གི་འབྲེལ་ཐག་ཆད་མེད་པའི།

སྙིང་གི་ཨ་མ། ཟླ་བ་ལྷ་མོ་མཛེས་པ་ལ།

ཟླ་བ་ཁྱོད། ཨ་མ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཨ་མ་ཁྱོད། ཟླ་བ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཟླ་བ་ལ། ལྷ་མོ་ལ།

ཡིད་འཕྲོག་ལྷ་ལས་ཀྱང་མཛེས།

སྙིང་གི་ཨ་མ་ཟླ་བ་ལྷ་མོ་མཛེས་པ་ལ།

ཟླ་བ་ཁྱོད། ཨ་མ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཨ་མ་ཁྱོད། ཟླ་བ་ཡིན།

ལྷ་མོ་ལས་ཀྱང་མཛེས།

ཟླ་བ་ལ། ལྷ་མོ་ལ།

ཡིད་འཕྲོག་ལྷ་ལས་ཀྱང་མཛེས།

སྙིང་གི་ཨ་མ་ཟླ་བ་ལྷ་མོ་མཛེས་པ་ལ།

展开显示全部歌词