吉祥的月光 - 根呷
词:根呷
曲:民间
གངས་རི་དཀར་པོ་ཡི་འོག་ན།
སྦྲ་ནག་གྲུ་བཞི་ཡི་ཕ་ཁྱིམ།
རྟ་ནོར་ལུག་གསུམ་གྱི་རྩེད་ས།
འདི་འདྲ་སྐྱིད་པོ་ཞིག་ཨེ་འདུག
རྟ་ནོར་ལུག་གསུམ་ཡི་རྩེད་ས།
འདི་འདྲ་སྐྱིད་པོ་ཞིག་ཨེ་འདུག
ནམ་མཁའི་སྤྲིན་པ་ཡི་འོག་ན།
འཇའ་ཚོན་སྣ་ལྔ་ཡི་གུར་ཁང་།
མེ་ཏོག་སྣ་ལྔ་ཡི་རྒྱན་ཆ།
འདི་འདྲ་སྐྱིད་པོ་ཞིག་ཨེ་འདུག
མེ་ཏོག་སྣ་ལྔ་ཡི་རྒྱན་ཆ།
འདི་འདྲ་སྐྱིད་པོ་ཞིག་ཨེ་འདུག
གཡུ་ལོ་བཀོད་པའི་ཞིང་ཁམས།
མཛེས་པའི་རྒྱན་ཆ་སྣ་ལྔ།
ཁུ་བྱུག་གསུང་སྐད་སྙན་མོ།
འཛམ་གླིང་ཡུལ་ལ་ཁྱབ་སོང་།
ཁུ་བྱུག་གསུང་སྐད་སྙན་མོ།
འཛམ་གླིང་ཡུལ་ལ་ཁྱབ་སོང་།
ཁུ་བྱུག་གསུང་སྐད་སྙན་མོ།
ཁུ་བྱུག་གསུང་སྐད་སྙན་མོ།
ཁུ་བྱུག་གསུང་སྐད་སྙན་མོ།
འཛམ་གླིང་ཡུལ་ལ་ཁྱབ་སོང་།
འཛམ་གླིང་ཡུལ་ལ་ཁྱབ་སོང་།