锅庄-泽旺拉姆

锅庄

歌手:泽旺拉姆

专辑:锅庄

时间:2021-07-13

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

锅庄 - 泽旺拉姆

词:民间

曲:民间

音乐营销:梦飞船国际文化

ཁྲི་ཤོར་རྒྱལ་མོའི་མཚ་མཐའ་ཞིག་ནས།

འཁྱག་རོམ་དར་གྱི་ན་བཟའ་ལྷུང་སོང་།

དབྱར་ཟླ་ཚེས་པའི་རྟེན་འབྲེལ་ལོས་ཡིན།

གླུ་ཞིག་ལོངས་དང་ངང་བ་སེར་ལོ།

ལྷོ་སྤྲིན་ཕྱུག་མོའི་བང་རིམ་གསེབ་ནས།

གཡུ་འབྲུག་སྔོན་མོའི་གསུང་སྐད་གྲགས་སོང་།

སྦྲང་ཆར་འབབ་པའི་རྟེན་འབྲེལ་ལོས་ཡིན།

གླུ་ཞིག་ལོངས་དང་ལྷ་བྱ་ཁུ་ལོ།

ཤར་ཕྱོགས་གངས་དཀར་གངས་རིའི་རྩེ་ནས།

འོད་ཟེར་སྟོང་ལྡན་ཉི་མ་ཤར་སོང་།

བདེ་སྐྱི་འབྱུང་བའི་རྟེན་འབྲེལ་ལོས་ཡིན།

གླུ་ཞིག་ལོངས་དང་གངས་རིའི་བུ་ལོ།

བཀྲ་ཤིས་བདེ་ལེགས།

གཞས་ཚིག གཙང་རིགས་བསྐལ་བཟང་རྣམ་འདྲེན།

གཞསགདངས། ཤེར་བསྟན།

གཞས་མ། ཚེ་དབང་ལྷ་མོ།

བཀྲ་ཤིས་དང་པོ་འཛམ་གླིང་རྒྱན་ལ་འཇོག

འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག

བཀྲ་ཤིས་གཉིས་པ་གངས་རིའི་ལྗོངས་ལ་འཇོག

གངས་རིའི་དབུ་འཕང་མཐོ་བའི་བཀྲ་ཤིས་ཤོག

ལུགས་གཉིས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག

བཀྲ་ཤིས་ཀུན་ཏུ་དགེ་བའི་བཀྲ་ཤིས་པ།

དཀོན་མཆོག་གསུམ་གྱི་བཀྲ་ཤིསི་བདེ་ལེགས་ཤོག

གཅེས་ཕྲུག་ཚོ་སློབ་གྲྭར་འགྲོ །

གཞས་ཚིག གཙང་རིགས་བསྐལ་བཟང་རྣམ་འདྲེན།

གཞས་མ། ཚེ་དབང་ལྷ་མོ།

གཅེས་ཕྲུག་ཚོ་སློབ་གྲྭར་འགྲོ

མི་རིགས་བདེ་སྐྱིད་བསམ་ནས་སློབ་གྲྭར་འགྲོ

མི་ཚེའི་རིན་ཐང་བསམ་ནས་སློབ་གྲྭར་འགྲོ

མི་ལུས་དོན་མེད་མི་བྱེད་སློབ་གྲྭར་འགྲོ

མི་ཡི་ཐ་མར་མི་འདུག་སློབ་གྲྭར་འགྲོ

རང་རིགས་སྤུན་ཟླ་བསམ་ནས་སློབ་གྲྭར་འགྲོ

རང་གི་མདུན་ལམ་བསམ་ནས་སློབ་གྲྭར་འགྲོ

རང་ཉིད་བླུན་པོ་མི་བྱེད་སློབ་གྲྭར་འགྲོ

རང་གིས་རང་ཉིད་མི་བརླག་སློབ་གྲྭར་འགྲོ

ཕ་མའི་དྲིན་ལན་འཇལ་ཕྱིར་སློབ་གྲྭར་འགྲོ

ཕ་ཡུལ་འཛུགས་སྐྲུན་བསམས་ནས་སློབ་གྲྭར་འགྲོ

ཕ་མའི་རིགས་གཞུང་མི་སྐྱུར་སློབ་གྲྭ་འགྲོ

ཕ་ཡུལ་རྗེས་ལུས་མི་བྱེད་སློབ་གྲྭར་འགྲོ

展开显示全部歌词