农家阿姐 - 勒毛措
词:曼拉杰甫
曲:郎甲·曲迈才让
音乐宣传:谢旦贴吧工作室
ཨ་ཅེ་རོང་གི་བུ་མོ།
ལག་ཟུང་ས་དང་འདྲིས་ཡོད།
ས་ལ་རི་མོ་བཞེངས་ཡོད།
རི་མོའི་གཞོངས་ནས་བལྟས་པས།
གྲོ་ནས་སྲན་གསུམ་འཁྲུངས་ཡོད། །
དགའ་བའི་འཛུམ་ཆུང་ནང་ལ། །
ཉི་ཟླ་སྐར་གསུམ་ཤར་ཡོད། །
བུ་མོ།
བུ་མོ།
ཨ་ཅེ་རོང་གི་བུ་མོ།
ཨ་ཅེ་རོང་གི་བུ་མོ།
བུ་མོ་ཁྱོད་མེད་ན།
ཞིང་ལ་ལྡུམ་བུ་འཛིང་ཡོང་།
བུ་མོ་ཁྱོད་མེད་ན།
ཁང་ཆུང་དུ་བ་ཆད་འགྲོ།
ཨ་ཅེ་རོང་གི་བུ་མོ།
ཨ་ཅེ་རོང་གི་བུ་མོ།
རྒྱབ་ལ་བུ་ཆུང་ཁུར་ཡོད།
བུ་ལ་རྨི་ལམ་བཅོལ་ཡོད། །
རྨི་ལམ་ནང་ནས་བལྟས་པས། །
ནང་མི་མགོ་ལུས་འཛོམས་ཡོད། །
ལུས་སེམས་ལང་ཚོའི་མེ་ཏོག།
རང་ཡུལ་འདི་ལ་ཕུལ་ཡོད། །
བུ་མོ།
བུ་མོ།
ཨ་ཅེ་རོང་གི་བུ་མོ
ཨ་ཅེ་རོང་གི་བུ་མོ།
བུ་མོ་ཁྱོད་མེད་ན།
ཞིང་ལ་ལྡུམ་བུ་འཛིང་ཡོང་།
བུ་མོ་ཁྱོད་མེད་ན།
ཁང་ཆུང་དུ་བ་ཆད་འགྲོ།
ཨ་ཅེ་རོང་གི་བུ་མོ།
བུ་མོ།
བུ་མོ།
ཨ་ཅེ་རོང་གི་བུ་མོ།
ཨ་ཅེ་རོང་གི་བུ་མོ།
བུ་མོ་ཁྱོད་མེད་ན།
ཞིང་ལ་ལྡུམ་བུ་འཛིང་ཡོང་།
བུ་མོ་ཁྱོད་མེད་ན།
ཁང་ཆུང་དུ་བ་ཆད་འགྲོ།
ཨ་ཅེ་རོང་གི་བུ་མོ།
ཁང་ཆུང་དུ་བ་ཆད་འགྲོ།
ཨ་ཅེ་རོང་གི་བུ་མོ།