心的归宿-勒毛措

心的归宿

歌手:勒毛措

专辑:蓝色家园

时间:2021-01-01

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

心的归宿 - 勒毛措

ཚིག ཀུན་དཔལ།

དབྱངས བསམ་འགྲུབ་ཚེ་རིང་།

ངའི་ཕ་ཡུལ་སྒང་བ་བོད་ཡུལ་ན།།

གངས་དཀར་པོའི་རྩེ་མོ་སྤྲིན་ལ་ཟུག།

ཆུ་གཡུ་ཡི་མཎྜལ་འཁྱིལ་ལེར་ཡོད།

རྩྭ་ལྗང་ལོར་ཟིལ་བ་ཁྲོམ་མེར་ཡོད།

ངས་ཨ་ལོང་ལ་མོ་ཨ་ལོང་ལེན།

ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག

རྡུང་གི་ལ་མོ་ལེན་གོ།

ཡང་རེས་ཁྲོམ་པ་འགུག་གོ

ཡུལ་དེ་ནི་ཆུ་ཡི་མཆོད་རྟེན་ཡིན།།

ངའི་ཕ་ཡུལ་སྒང་བ་བོད་ཡུལ་ན།།

ཤིང་ལྗོན་པའི་ལག་བསྒྲིལ་ཁྲིགས་སེར་ཡོད།།

སྤང་མེ་ཏོག་ཁྲ་དམར་ལྡེམས་སེར་ཡོད།།

རྩྭ་ཀུ་ཤ་ཕྱག་རྒྱ་ཧྲུག་གེར་ཡོད།།

ངས་ཨ་ལོང་ལ་མོ་ཨ་ལོང་ལེན།

ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག

རྡུང་གི་ལ་མོ་ལེན་གོ།

ཡང་རེས་ཁྲོམ་པ་འགུག་གོ

ཡུལ་དེ་ནི་ས་ལའི་སྨན་ལྗོངས་ཡིན།།

ངའི་ཕ་ཡུལ་སྒང་བ་བོད་ཡུལ་གྱི།།

རི་མཐོན་པོ་བཤིག་ན་གསེར་གྱིས་འཚོབ།།

ཆུ་དྭངས་མ་རྙོག་ན་འོ་མས་འཚོབ།།

སྤང་གོས་ལྗང་གཤག་ན་མར་གྱིས་འཚོབ།།

ངས་ཨ་ལོང་ལ་མོ་ཨ་ལོང་ལེན།

ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག

རྡུང་གི་ལ་མོ་ལེན་གོ།

ཡང་རེས་ཁྲོམ་པ་འགུག་གོ

ཡུལ་དེ་ནི་ས་ལའི་སྨན་ལྗོངས་ཡིན།།

展开显示全部歌词