藏家儿子-仲巴罗布

藏家儿子

歌手:仲巴罗布

专辑:藏家儿子

时间:2021-09-15

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

藏家儿子 - 仲巴罗布

ཨ་ཕ་སྤྲེའུ་བྱང་སེམས་ཡིན།།

ཨ་མ་སྒྲོལ་མའི་རྣམ་སྤྲུལ་ཡིན།།

ཕ་ས་འཛམ་གླིང་ཡང་རྩེ་ཡིན།།

བུ་ང་ཀུན་གྱི་གཙུག་རྒྱན་ཡིན།།

ཕ་ཟས་སྦྲང་དཀར་རྩམ་པ་ཡིན།།

ཕ་སྐད་དབྱངས་གསལ་སོ་བཞི་ཡིན།།

མེས་པོ་སྲོང་བཙན་སྒམ་པོ་ཡིན།།

བུ་ང་བཙན་པོའི་རིགས་རྒྱུད་ཡིན།།

ཕ་ཆོས་འཚེ་མེད་ཞི་བདེ་ཡིན།།

སྐྱབས་གནས་དཀོན་མཆོག་རྣམ་གསུམ་ཡིན།།

ཆུ་བོ་ཡན་ལག་བརྒྱད་ལྡན་ཡིན།།

བུ་ང་བོད་ཀྱི་བུ་རྒྱུད་ཡིན།།

རི་རླུང་གསེར་གྱི་ཕུང་པོ་ཡིན།།

སྡོད་ས་སྦྲ་ནག་གྲུ་བཞི་ཡིན།།

སྒོ་ཟོག་རྟ་ནོར་ལུག་གསུམ་ཡིན།།

བུ་ང་འབྲོང་ཕྲུག་དར་མ་ཡིན།།

སློབ་དཔོན་ཐོན་མི་འཁྲུངས་ས་ཡིན།།

རིག་པའི་གནས་བཅུ་དར་ས་ཡིན།།

དཔའ་མཛངས་རྟུལ་ཕོད་རྒྱས་ས་ཡིན།།

འཛམ་གླིང་འཛིན་མའི་ཡང་རྩེ་ཡིན།།

མཐུན་སྒྲིལ་ཨ་ལོང་མི་འཐོར་པར།།

ཕུ་ནུའི་མཛའ་བརྩེ་མི་ལྷོད་པར།།

སྒང་པ་བོད་ཀྱི་ཡུལ་གྲུ་འདི།།

ནམ་ཡང་ཉམས་པ་མེད་པར་ཤོག།

展开显示全部歌词