黑帐篷之思念-泽旺拉姆

黑帐篷之思念

歌手:泽旺拉姆

时间:2021-06-29

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

泽旺拉姆 - 黑帐篷之思念

作词:日当呷扎

作曲:佐庆丹真

རི་ལ་བརྟོད་པའི་འཇའ་གུར་ཡིན།

སྤང་ལ་བཏབ་པའི་ཕྲ་ཚོམ་ཡིན།

དབྱར་གྱི་བསིལ་རླུང་རྡེབ་པའི་སྦྲ་ནག་ལགས། འོ་འོ།

གངས་རིའི་ངོགས་ཀྱི་ཕ་ཁྱིམ་སྨུག་པོ་ཡིན། སྨུག་པོ་ཡིན།

སེམས་ལ་སྒྲོན་པའི་ཉི་མ་ཡིན།

སྤྱན་ལ་མཛངས་བའི་མེ་ཏོག་ཆུང་ཆུང་ཡིན།

དྲན་པའི་གཞུང་ན་བབས་པའི་ཨ་མ་ལགས། འོ་འོ།

སྦྲ་ནག་འོག་གི་ལྷ་ལྕམ་སྒྲོལ་མ་ཡིན། སྒྲོལ་མ་ཡིན།

ཨོ་་་་་་་བཀྲ་ཤིས་བཀྲ་ཤིས་བཀྲ་ལ་ཤིས་པར་ཤོག

གཡང་ལ་ཆགས་པར་ཤོག

བཀྲ་ཤིས་གཡང་གི་སྐལ་བ་ཡག

སྦྲ་དང་ཨ་མའི་ཕ་གཞིས་སྐྱིད་པོ་བསྐལ་བའི་བོངས་ལས་རིང་བའི་སྨོན་ལམ་འདེབས།

ལྷས་ལ་རྩེན་པའི་མངའ་ཐང་ཡིན།

རྡང་ལ་བསྟར་བའི་ནོར་བུ་ཡིན།

སྦྲ་ཡི་དྲུང་ན་བཏུད་པའི་ནོར་ལུག་ལགས། འོ་འོ།

གངས་རིའི་ངོགས་ཀྱི་གཡང་ཁྱུ་ཕྱུག་མོ་ཡིན། ཕྱུག་མོ་ཡིན།

མདུན་ལ་འཚེར་བའི་འོད་སྣང་ཡིན།

རྒྱབ་ལ་འཕྲོ་བའི་དྲོད་ཁོལ་ཆུང་ཆུང་ཡིན།

སྙིང་གི་ཁྱོར་ན་བཞུགས་པའི་ཨ་མ་ལགས། འོ་འོ།

ནོར་ལུག་གམ་གྱི་ལྷ་ལྕམ་སྒྲོལ་མ་ཡིན། སྒྲོལ་མ་ཡིན།

ཨོ་་་་་་་བཀྲ་ཤིས་བཀྲ་ཤིས་བཀྲ་ལ་ཤིས་པར་ཤོག

གཡང་ལ་ཆགས་པར་ཤོག

བཀྲ་ཤིས་གཡང་གི་སྐལ་བ་ཡག

ནོར་དང་ཨ་མའི་འཚོ་བ་སྐྱིད་པོ་བསྐལ་བའི་བོངས་ལས་རིང་བའི་སྨོན་ལམ་འདེབས།

ཨོ་་་་་་་བཀྲ་ཤིས་བཀྲ་ཤིས་བཀྲ་ལ་ཤིས་པར་ཤོག

གཡང་ལ་ཆགས་པར་ཤོག

བཀྲ་ཤིས་གཡང་གི་སྐལ་བ་ཡག

ནོར་དང་ཨ་མའི་འཚོ་བ་སྐྱིད་པོ་བསྐལ་བའི་བོངས་ལས་རིང་བའི་སྨོན་ལམ་འདེབས།

བསྐལ་བའི་བོངས་ལས་རིང་བའི་སྨོན་ལམ་འདེབས།

展开显示全部歌词