རྣམ་པར་རྒྱལ་བའི་སྤྲོ་གླུ་དད་དུང་ངག་གི་རོལ་མཚོ།胜歌·信乐之海
གཞས་ཚིག ཧུ་ར་འཇའ་པེ།作词:乎日甲白
གཞས་དབྱངས། ལུང་རྟོགས།作曲:龙多
ལེན་མཁན། ཤེར་བསྟན།演唱:谢旦
བརྡ་ཁྱབ་ཇུས་འགོད། ཧོར་བྲག་སྲས།海报设计:霍扎赛
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
བདེར་གཤེགས་དབོན་པོ་ཆོས་འཕེལ་ཁོང་རྒྱལ་ལོ། །善逝之子曲培尊者,胜利哉!
ཀུན་གཟུགས་བཅུ་པ་ཆེན་མོ་ཡང་རྒྱལ་ལོ། །十世班禅大尊者,胜利哉!
མཆོག་རྩེའི་ཡུལ་ནས་བྱོན་པ་ཁྱེད་མིན་ན། །若非您自至胜之境降临
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་།今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
ཕ་ཆོས་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“父法宫殿”圆满落成,
སྐྱབས་གཅིག་གདུགས་དཀར་གཡོ་བའི་བཀའ་དྲིན་ཡིན། །欢庆盛宴由此而兴;一切皆是唯一依怙—白伞盖高扬之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
རྒྱལ་ཁམས་རིག་པས་འགྲིམས་པ་ཁྱེད་རྒྱལ་ལོ། །以广大智慧遍行大地的您,胜利哉!
ཆོས་ཚན་རལ་གྲི་ཕྱར་བ་ཡང་རྒྱལ་ལོ། །高擎宗教与科学利剑的您,胜利哉!
རིག་པའི་གཏེར་མཛོད་མངའ་བ་ཁྱེད་མིན་ན། །若非您怀藏无尽智藏
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
རྟེན་འབྲེལ་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“缘起宫殿”圆满落成,欢庆盛宴由此而兴;
རྣམ་མཁྱེན་གསེར་ཉ་འཁྱུག་པའི་བཀའ་དྲིན་ཡིན། །一切皆是遍知智慧—金鱼自在游弋之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
སྤྱི་དོན་རྒྱན་དུ་ཁྱེར་བ་ཁྱེད་རྒྱལ་ལོ། །以利众为身上庄严的您,胜利哉!
འགྲོ་དོན་ཐུགས་ལ་ཆེ་བ་ཡང་རྒྱལ་ལོ། །将众生安乐深系于心的您,胜利哉!
ཞབས་ཟུང་གངས་ལ་བསྒྱུར་པ་ཁྱེད་མིན་ན། །若非您的双足踏遍雪域
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
རྟེན་སྐལ་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“善缘宫殿”圆满落成,欢庆盛宴由此而兴;
བརྩེ་ཆེན་པདྨ་རྒྱས་པའི་བཀའ་དྲིན་ཡིན། །一切皆是广大慈悲—莲花盛放,清净无染之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
སྣོད་བཅུད་གསེར་ཟམ་བསྐྲུན་པ་ཁྱེད་རྒྱལ་ལོ། །为器世间与有情世间架起金桥的您,胜利哉!
ཁོར་སྲུང་ཤིང་རྟ་ཆེན་པོ་ཡང་རྒྱལ་ལོ། །堪为护生大车轨范的您,胜利哉!
དུས་གསུམ་རྗེན་པར་གཟིགས་པ་ཁྱེད་མིན་ན། །若非您洞见三时、明彻无碍
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ཨེ་མ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
འཆམ་མཐུན་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“和合宫殿”圆满落成,欢庆盛宴由此而兴;
ཆོས་དུང་གཡས་སུ་འཁྱིལ་བའི་བཀའ་དྲིན་ཡིན། །一切皆是正法右旋海螺—清音远播,回荡十方之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
རིག་གཞུང་རྒྱ་མཚོར་འཇུག་པ་ཁྱེད་རྒྱལ་ལོ། །深入浩瀚学海的您,胜利哉!
མཁས་མང་དེད་དཔོན་སྐྱོང་བ་ཡང་རྒྱལ་ལོ། །引领无数博学舟师的您,胜利哉!
ལྗགས་རྩོམ་ནོར་བུ་བརྩེགས་པ་ཁྱེད་མིན་ན། །若非您著述等身、文献如珍宝积聚
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
གཙུག་ལག་ཕོ་བྲང་འགྲུབ་བའི་དགའ་སྟོན་འདི། །“学问宫殿”圆满落成,欢庆盛宴由此而兴;
བློ་གྲོས་བུམ་བཟང་གང་བའི་བཀའ་དྲིན་ཡིན། །一切皆是智慧宝瓶—功德圆满,甘露盈满之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
ལམ་སྟོན་སྒྲོན་མེ་སྦར་བ་ཁྱེད་རྒྱལ་ལོ། །燃起照彻前路的智慧明灯,您胜利哉!
རྒྱུགས་སྤྲོད་ལམ་བཟང་བསྐྲུན་པ་ཡང་རྒྱལ་ལོ། །开辟清净殊胜的考试正道,您胜利哉!
གྲྭ་སྐོར་ཆུ་རྒྱུན་གསོས་པ་ཁྱེད་མིན་ན། །若非您重振寺院辩经之流
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
ཡང་དར་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“复兴宫殿”圆满落成,欢庆盛宴由此而兴;
མཁས་མཛངས་དཔལ་བེའུ་བཀྲ་བའི་བཀའ་དྲིན་ཡིན།一切皆是智者吉祥结——无尽相连,光明不绝之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
མིག་ལ་དཔྱིད་དཔལ་བསྐྲུན་པ་ཁྱེད་རྒྱལ་ལོ། །为双目开显春日胜景的您,胜利哉!
སེམས་ལ་སྤོབས་པ་གནང་བ་ཡང་རྒྱལ་ལོ། །为心灵赐予无畏勇气的您,胜利哉!
ཕྱི་མ་བདེ་ལ་བཀོད་པ་ཁྱེད་མིན་ན། །若非您令后世安住福乐
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
སྨྲ་སེང་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“辩才狮子宫殿”圆满落成
ཐུགས་རྗེ་རྒྱལ་མཚན་མཐོ་བའི་བཀའ་དྲིན་ཡིན། །欢庆盛宴由此而兴;一切皆是大悲胜幢——
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
ལོག་རྟོག་སྨྲ་ངན་འཇོམས་པ་ཁྱེད་རྒྱལ་ལོ། །高标法界,威德长存之恩德!
བར་ཆད་ལམ་ངན་སེལ་བ་ཡང་རྒྱལ་ལོ། །降伏邪见恶说的您,胜利哉!
མི་འཇིགས་སྤོབས་པ་མངའ་བ་ཁྱེད་མིན་ན། །遣除障缘歧途的您,胜利哉!若非您具足无畏雄心,
དེ་རིང་རྣམ་པར་རྒྱལ་འདི་གང་ནས་འབྱུང་། །今日圆满胜果,何由而来?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
རྣམ་རྒྱལ་ཕོ་བྲང་འགྲུབ་པའི་དགའ་སྟོན་འདི། །“胜利宫殿”圆满落成,欢庆盛宴由此而兴;
དཀའ་ཐུབ་འཁོར་ལོ་བསྐོར་བའི་བཀའ་དྲིན་ཡིན། །一切皆是苦行法轮 恒常转动,摧破诸障之恩德!
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
བློ་བཟང་ཐུབ་བསྟན་འཕྲིན་ལས་ཁྱེད་རྒྱལ་ལོ། །洛桑图旦赤列尊者,胜利哉!
མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཡང་རྒྱལ་ལོ། །明慧广大,智海无边的您,胜利哉!
ཨ་མཆོག་སྤྲུལ་བའི་སྐུ་མཆོག་ཁྱེད་མིན་ན། །若非尊贵安曲化身活佛示现于世
དཔལ་ལྡན་སྨྲ་སེང་གསར་བ་གང་ནས་འཁྲུངས། །吉祥新时代的辩才狮子,何由而生?
ཨེ་མ་རྒྱལ་ལོ་ལྷ་རྒྱལ་ལོ་ཡེ།埃玛!胜利哉!胜利哉!
ཁྱེད་སྐུ་ཞབས་པད་སྲིད་པའི་མཐར་བརྟན་ནས། །愿您的莲足坚固安住,直至三有穷尽;
ཐུགས་བཞེད་གཞན་ཡང་འགྲུབ་པའི་བཀྲ་ཤིས་ཤོག །愿一切所发善愿,悉皆圆满成就;
ཐུགས་བཞེད་གཞན་ཡང་འགྲུབ་པའི་བཀྲ་ཤིས་ཤོག །愿吉祥增长,福乐无边!