供养 - 彭毛德吉
词:民间
曲:仁青华桑
བེའུ་ཆུང་ཆུང་དབྱར་གསུམ་གྱི་རྩེད་རོགས།
ལུ་གུ་ཆུང་ཆུང་དགུན་གསུམ་གྱི་རྩེད་རོགས།
མེ་ཏོག་ཆུང་ཆུང་བུ་མོ་ངའི་མཛེས་སྡུག
གླུ་ཆུང་དང་བོ་བྱ་གཡང་གི་མཆོད་པ།
གླུ་ཆུང་དང་བོ་བྱ་གཡང་གི་མཆོད་པ།
དགེ་རྒན་ཆེན་མོ་ལམ་སྟོན་གྱི་སྒྲོན་མེ།
སློབ་གྲོགས་ཆུང་ཆུང་མདུན་བསྐྱོད་ཀྱི་རང་སྒྲ།
དཔེ་ཁུག་ཆུང་ཆུང་བུ་མོ་ངའི་མཛེས་སྡུག
གླུ་ཆུང་གཉིས་པ་དྲིན་ལན་གྱི་མཆོད་པ།
གླུ་ཆུང་གཉིས་པ་དྲིན་ལན་གྱི་མཆོད་པ།
བྱམས་ལྡན་ཕ་མ་མི་ལུས་ཀྱི་རིན་ཆེན།
གཞིས་ཁྱིམ་དྲོན་མོ་བདེ་སྐྱིད་ཀྱི་ཕ་ཁྱིམ།
པི་ཝང་ཆུང་ཆུང་བུ་མོ་ངའི་མཛེས་སྡུག
གླུ་ཆུང་གསུམ་པ་གླུ་ངག་གི་མཆོད་པ།
གླུ་ཆུང་གསུམ་པ་གླུ་ངག་གི་མཆོད་པ།
གླུ་ཆུང་གསུམ་པ་གླུ་ངག་གི་མཆོད་པ།