WALK走འགྲོ།-阿德昂多

WALK走འགྲོ།

歌手:阿德昂多

时间:2019-02-27

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

WALK走འགྲོ། - 阿德昂多

词:抗暗

曲:文颖秋(CΛNDY)/adde

ཚིག མུན་རྒོལ།

ལེན་མཁན། དཀོན་མཆོག་རྣམ་རྒྱལ། ངང་རྡོ།

ཁྱོད་ཀྱིས་ང་ལ་བཤད་བཤད་ལབ་ལབ་མང་པོ་མ་བྱེད་རོགས།

ཁྱོད་དང་ངའི་གཉིས་དམིགས་ཡུལ་ཕུགས་བསམ་འགྲོ་ལམ་ཁ་ཁ་རེད།

སྔོན་ལ་འགྲོ་ར་དུས་ཚོད་སྐར་མ་མང་པོ་ལྷག་མི་གདའ།

དུས་ཚོད་སྐར་མ་རེ་རེ་རིན་ཆེན་གསེར་ལས་དངུལ་ལས་ལྷག

ད་ནས་བཟུང་དེ། མཉམ་དུ་འགྲོ་ཡ།

འཇིག་རྟེན་ཁམས་དང་ཁ་བའི་ཡུལ་ལ་རང་གི་རྐང་རྗེས་འཇོག

སྔོན་ལ་འགྲོ་ཡ། མདུན་དུ་རྒྱུག་ཡ།

ཚེ་སྲོག་མི་རྟག་རླུང་བུ་མེ་སྟག་ཆུ་དང་གློག་ལྟར་འཁྱུག

ད་ནས་བཟུང་མཉམ་དུ་འགྲོ་ར།

དུས་ཚོད་སྐར་མ་མང་པོ་མང་པོ་ལྷག་མི་གདའ།

མཉམ་དུ་འགྲོ

ཚེ་སྲོག་མི་རྟག་རླུང་བུ་མེ་སྟག་ཆུ་དང་གློག་ལྟར་འཁྱུག

མདུན་ལམ་འཚོལ་བའི་མི་ལ་ཚེ་གཅིག་དུས་ཚོད་ཐུང་ཐུང་རེད།།

འགྲོ་ཡ་འགྲོ་ཡ་མི་འདུག་མི་ཉལ་མི་ཡེངས་མྱུར་དུ་འགྲོ།།

ཁ་ཡེངས་མི་ཡེངས་བྱེད་འདུག་བསམ་ཡང་དུས་ཚོད་ལྷག་མི་གདའ།།

དུས་ཚོད་མི་གདའ། འདུག་ཁོམ་མི་གདའ།

སྤོབས་པ་ཆེན་པོས་དགའ་ཕྱོགས་ལྟར་དུ་ལས་ལ་ཧུར་བརྩོན་བྱེད།

རང་བྱས་ལས་རེད། ཤི་རྐྱེན་གཉའ་རེད།

རང་ཉིད་རང་ལ་དྲིན་ཆེན་ཡུན་རིང་ང་ནི་མགོ་ནག་བོད།

ད་ནས་བཟུང་ད་མདུན་དུ་འགྲོ་ར།

དུས་ཚོད་སྐར་མ་མང་པོ་མང་པོ་ལྷག་མི་གདའ།

མདུན་དུ་འགྲོ།

ཨ་རོགས་གྲོགས་པོ། ད་ནི་འགྲོ་ཡ།

ཁྱོད་དང་ངེད་གཉིས་ཕུགས་བསམ་ཆེད་དུ་འབད་བརྩོན་བྱེད་ནས་འགྲོ།

ད་ནི་བཟུང་ནས། ང་ཚོ་འགྲོ་ཡ།

འཇིག་རྟེན་ཁམས་དང་ཁ་བའི་ཡུལ་ལ་རང་གི་རྐང་རྗེས་འཇོག

ད་ནས་བཟུང་སྤོབས་པ་ཆེན་པོ་རང་གི་དགའ་ཕྱོགས་ལྟར་དུ་ལས་ལ་ཧུར་བརྩོན་བྱེད།

展开显示全部歌词