念 - 曲塔
词:尼玛
曲:曲塔
编曲:旦旦
ཁ་བ་མར་མར་དུ་འབབ་དུས།།
གངས་དཀར་འདབ་མ་ཡི་གསེབ་ནས།།
དྲོད་ཁོལ་ཉི་ཟེར་དེ་ཕོག་དུས།།
བྱམས་པའི་བརྩེ་བ་དེ་དྲན་བྱུང།།
ཆར་པ་མར་མར་དུ་འབབ་དུས།།
ཆར་འཇམ་ཟིལ་མ་ཡི་གསེབ་ནས།།
ལྷ་བྱ་ཁུ་བྱུག་དེ་གྲགས་དུས།།
བྱམས་པའི་སྙིང་གཏམ་དེ་དྲན་བྱུང།།
མེ་ཏོག་ཡར་ཡར་དུ་སྐྱེ་དུས།།
དཀར་སེར་འདབ་མ་ཡི་ཁྲོད་ནས།།
ལུ་གུ་མེ་ཏོག་དེ་མཐོང་དུས།།
བྱམས་པའི་བཞིན་རས་དེ་དྲན་བྱུང།།