祝福-旦增尼玛

祝福

歌手:旦增尼玛

专辑:祝福

时间:2023-07-11

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

སྨོན་འདུན།

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།

དབྱངས། ཚེ་རིང་དོན་གྲུབ།

གཞས་པ། བསྟན་འཛིན་ཉི་མ།

未经许可,不得翻唱或使用

ཕར་རིའི་གངས་ལ་གསེར་གྱི་ཉི་མ་ཤར།

ཚུར་རིའི་རི་ལ་དངུལ་གྱི་ཟླ་བ་ཚེས།

རླུང་བུ་ཤར་ཤར་མ་འགྲོ། ཡར་སྟོད་གངས་ལ་འགྲོ།

ཡར་སྟོད་གངས་ཀྱི་རི་ལ་རི་ལ་ལྟད་མོ་ལ་འགྲོ།

གངས་ཏི་སེ་འཛམ་གླིང་མཛེས་རྒྱན་དེ།

ལྷོ་རྒྱལ་འཛམ་བུ་གླིང་གི་ཏོག་ཏུ་སྣང་།

བཀྲ་ཤིས་པའི་དོན་འགྲུབ་པའི་ཉི་མ་འདི་དེ་རིང་ལ་རེད།

བཀྲ་ཤིས་ཤོག ཨ་ལ་བཀྲ་ཤིས་ཤོག

གླུ་ཡག་ག་ཡག་ག་དེ་རིང་ཡག

གླུ་སྙན་མོ་ཁྲོམ་ཆེན་དཀྱིལ་ལ་ལེན།

ཕར་རིའི་སྤང་ལ་གསེར་གྱི་ཉི་མ་ཤར།

ཚུར་རིའི་མཚོ་ལ་དངུལ་གྱི་ཟླ་བ་ཚེས།

རླུང་བུ་ཤར་ཤར་མ་འགྲོ། ཡར་སྟོད་མཚོ་ལ་འགྲོ།

མཚོ་མོ་གཡུ་ཡི་ཁ་རྒྱན་ཅན་ལ་ལྟད་མོ་ལ་འགྲོ།

མཚོ་མ་ཕམ་དགོས་འདོད་ནོར་བུ་དེ།

སྲིད་པའི་མངའ་ཐང་ཁུར་བའི་མ་ཡུམ་ཡིན།

བཀྲ་ཤིས་པའི་དོན་འགྲུབ་པའི་ཉི་མ་འདི་དེ་རིང་ལ་རེད།

བཀྲ་ཤིས་ཤོག ཨ་ལ་བཀྲ་ཤིས་ཤོག

གླུ་ཡག་ག་ཡག་ག་དེ་རིང་ཡག

གླུ་སྙན་མོ་ཁྲོམ་ཆེན་དཀྱིལ་ལ་ལེན།

བཀྲ་ཤིས་ཤོག ཨ་ལ་བཀྲ་ཤིས་ཤོག

གླུ་ཡག་ག་ཡག་ག་དེ་རིང་ཡག

གླུ་སྙན་མོ་ཁྲོམ་ཆེན་དཀྱིལ་ལ་ལེན།

展开显示全部歌词