生命之河-完玛三智

生命之河

歌手:完玛三智

专辑:六世

时间:2017-06-01

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

生命之河 - 完玛三智

词:仓央嘉措

曲:完玛三智

རྒྱ་གར་ཤར་གྱི་རྨ་བྱ།

ཀོང་ཡུལ་མཐིལ་གྱི་ནེ་ཙོ།

འཁྲུངས་ས་འཁྲུངས་ཡུལ་མི་གཅིག

འཛོམས་པ་ཆོས་འཁོར་ལྷ་ས།

མི་ཚོས་ང་ལ་ལབ་པ།

དགོངས་དག་ཡིན་པ་ཁགཐེག

ཨོ་ལོའི་གོམ་གསུམ་ཕྲ་མོ།

གནས་མོའི་ནང་ལ་ཐལ་སོང༌།

ལྕང་མ་བྱེའུར་སེམས་ཤོར།

བྱེའུ་ལྕང་མར་སེམས་ཤོར།

སེམས་ཤོར་མཐུན་པ་བྱུང་ན།

བྱ་ཁྲ་ཧོར་པས་མི་ཐུབ།

ད་ལྟའི་ཚེ་ཐུང་འདི་ལ།

དེ་ཁ་ཙམ་ཞིག་ཞུས་ནས།

རྟིང་མ་བྱིས་པའི་ལོ་ལ།

མཇལ་འཛོམ་ཨེ་ཡོང་བལྟའོ།

དབུ་ཞྭ་དབུ་ལ་བཞེས་སོང༌།

དབུ་ལྕང་རྒྱབ་ལ་དབྱུགས་སོང༌།

ག་ལེ་ཕེབས་དང་བྱས་པས།

ག་ལེ་བཞུགས་ཤིག་གསུངས་བྱུང༌།

ཐུགས་སེམས་སྐྱོ་ཡོང་བྱས་པས།

མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌།

བྱ་ཏེ་ཁྲུང་ཁྲུང་དཀར་མོ།

གཤོག་རྩལ་ང་ལ་གཡོར་དང་།

ལྕང་མ་བྱེའུར་སེམས་ཤོར།

བྱེའུ་ལྕང་མར་སེམས་ཤོར།

སེམས་ཤོར་མཐུན་པ་བྱུང་ན།

བྱ་ཁྲ་ཧོར་པས་མི་ཐུབ།

ད་ལྟའི་ཚེ་ཐུང་འདི་ལ།།

དེ་ཁ་ཙམ་ཞིག་ཞུས་ནས།

རྟིང་མ་བྱིས་པའི་ལོ་ལ།

མཇལ་འཛོམ་ཨེ་ཡོང་བལྟའོ།།

展开显示全部歌词