缘分 (Single Version)-巴次

缘分 (Single Version)

歌手:巴次

专辑:

时间:

    使用手机浏览器「扫一扫」

    在手机上保存,获得更好体验

标签
歌词

缘分 - 巴次

词:卓白

曲:扎西东智

དབྱར་གྱི་མེ་ཏོག་སེར་ཆེན།

འདབ་ལོ་མིག་ལ་མཛེས་བྱུང་།

ནམ་ཟླ་སྟོན་ལ་སླེབས་དུས།

འདབ་ལོ་འཐོར་དགོས་ལས་རེད

ནམ་ཟླ་སྟོན་ལ་སླེབས་དུས

འདབ་ལོ་འཐོར་དགོས་ལས་རེད

ལྷ་བྱ་ཁུ་བྱུག་སྔོན་མོ།

གསུང་སྐད་རྣ་ལ་སྙན་ཡོང་།

གངས་ཆུ་ཐང་ལ་སླེབས་དུས།

མོན་ཡུལ་འཕུར་དགོས་ལས་རེད།

གངས་ཆུ་ཐང་ལ་སླེབས་དུས།

མོན་ཡུལ་འཕུར་དགོས་ལས་རེད།

ཆུང་འདྲིས་མེ་ཏོག་ངེད་གཉིས།

ཡིད་སེམས་གཅིག་ཏུ་འབྲེལ་ཡོད།

ཚེ་སྔོན་ལས་འགྲོ་མེད་པས།

བྲལ་དགོས་སྔོན་གྱི་ལས་རེད

ཚེ་སྔོན་ལས་འགྲོ་མེད་པས།

བྲལ་དགོས་སྔོན་གྱི་ལས་རེད།

ངེད་གཉིས་བྲལ་དགོས་བྱུང་ཡང་།

འགྱུར་བ་མེད་པའི་བུ་ངས།

ཁྱེད་རང་སྐྱིད་པོ་ཡོང་བའི།

གསོལ་བ་སྨོན་ལམ་འདེབས་ཡོད།

ཁྱེད་རང་སྐྱིད་པོ་ཡོང་བའི།

གསོལ་བ་སྨོན་ལམ་འདེབས་ཡོད།

展开显示全部歌词