野牦牛-黎智坚措
    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

编曲:PACT

录音:魔力未来OGEN乐乐

混音:朱海

འབྲོང་ བྲེ་སེར་འབྲོང་།

གངས་དང་ཁ་བར་འདྲེས་པའི་བྲེ་སེར་འབྲོང་།

འབྲོང་ བྲེ་སེར་འབྲོང་།

རྫ་རྩེའི་སྨིག་དང་སྡེབས་པའི་བྲེ་སེར་འབྲོང་།

ཧི་མ་ལའི་འབྲོང་རྒོད།

ཉི་ཟླ་གཉིས་རྭ་རྩེར་འཁོར་པའི་སྨུག་པོ་འབྲོང་།

གནམ་སའི་འདྲེས་མཚམས་སུ་རི་ཕྲན་དང་འདྲ་བའི་འབྲོང་། བྲེ་སེར་འབྲོང་རྒོད།

རྨིག་བཞིའི་ས་ཆེན་གྱི་གདོང་ལ་དྲག་དུ་རྡབས་པའི་བྲེ་སེར་འབྲོང་རྒོད།

གངས་རྫ་འདྲེས་མཚམས་སུ་མུ་ཏིག་གི་ཁྲ་རྒྱན་འདྲ་གཡང་འབྲོང་སྨུག་པོ།

གངས་རི་དཀར་པོ་ཡི་འདབས་མ་ཁྱོད་ལ་འཁྱུད་ཡོད་ཁྱོད་ནི་དཀར་པོ་གངས་ལ་འདྲེས།

རི་སྨུག་པོ་ཡི་རྔམ་ཁ་ཁྱོད་ཀྱིས་སྲུང་ཡོད་ཁྱོད་ནི་རྫ་མགོའི་སྨུག་ལ་འདྲེས།

ནང་སྔ་མོ་ཉི་མའི་འོད་དང་འདྲེས་བྲེ་སེར་འབྲོང་རྒོད། རི་བོའི་རྩེ་ན་འགྱིང་བའི་འབྲོང་།

དགོང་ཕྱི་དྲོ་འཚམ་སྤྲིན་ཀློང་ན་འཚེར་བྲེ་སེར་འབྲོང་རྒོད །

གནམ་སའི་མཚམས་སུ་འགྲེང་བའི་འབྲོང་བྲེ་སེར་འབྲོང་རྒོད།

མདོ་དབུས་མཐོ་སྒང་གི་ཉིང་བཅུད་ཁྱོད།

གངས་རི་དཀར་པོའི་སྙིང་ནོར་ཁྱོད།

བྲེ་སེར་འབྲོང་རྒོད། འབྲོང་རྒོད།

གངས་དཀར་པོ་རྫ་སྨུག་པོ་རི་མཐོན་པོ

བྲེ་སེར་འབྲོང་གནས་ས་ཡིན་འཚོ་ས་ཡིན

འབྲོང་རྒོད་པོའི་ཕ་ས་ཡིན།

འབྲོང་རྒོད། བྲེ་སེར་འབྲོང་རྒོད།

འབྲོང་ བྲེ་སེར་འབྲོང་།

གངས་དང་ཁ་བར་འདྲེས་པའི་བྲེ་སེར་འབྲོང་།

འབྲོང་ བྲེ་སེར་འབྲོང་།

རྫ་རྩེའི་སྨིག་དང་སྡེབས་པའི་བྲེ་སེར་འབྲོང་།

མཐོ་སྒང་གི་འབྲོང་རྒོད་ས་ཆེན་གྱི་ཡང་རྩེ་ན་འགྱིང་བའི་འབྲོང་རྒོད།

ཁ་ཆར་དང་བུ་ཡུག་འཚུབ་སའི་གནས་གངས་དཀར་པོའི་འདབས་ཀྱི་འབྲོང་ཁྱུ།

རྣོ་ངར་གྱི་རྭ་རྩེ་མཁའ་ལ་གཟེང་རི་མཐོན་པོའི་ཉག་གི་འབྲོང་ཁྱུ།

འབྲོང་མ་བུའི་ངུར་སྒྲ་རླུང་ལ་འདྲེས་ཐང་ཆེན་པོའི་དཀྱིལ་གྱི་འབྲོང་ཁྱུ།

གཡུ་ཡི་རུ་ཐུར་དེ་གནམ་སའི་མཚམས་སུ་གཟེང་ཡོད་གྲང་དང་རླུང་ལ་ཟུག་པའི་འབྲོང་།

ནག་ཆུང་ནོར་ཁྱུ་ཁྱོད་ལ་འདྲེས་བྲེ་སེར་འབྲོང་རྒོད་ཁྱོད་ནི་གཡང་གི་བླ་སྲོག་ཡིན།

གཡང་དཀར་འབའ་སྒྲ་ཁྱོད་ལ་འཁོར་བྲེ་སེར་འབྲོང་རྒོད། ཁྱོད་ནི་གཡང་གི་ནོར་བུ་ཡིན།

ཁ་དཀར་རྐྱང་ཁྱུ་དེ་ཁྱོད་ཀྱི་གམ་ན་འཁོར་ཡོད་ཁྱོད་ནི་གཡང་གི་སྲུང་མ་ཡིན་ཡ།

ང་ཡི་འབྲོང་རི་དམར་མཐོ་རྫ་རིའི་འཕྲེང་ན་སྟོབས་ཀྱི་རྒྱུགས།

འབྲོང་རྒོད་བྲེ་སེར་འབྲོང་རྒོད། ང་ཡི་བྲེ་སེར་འབྲོང་རྒོད།

བྱང་ཐང་ན་གངས་རི་དང་ཁྱོད།

རྩྭ་ཐང་ན་སྦྲ་ནག་དང་ཁྱོད །

རི་རྩེ་ན་སྤྲིན་དཀར་དང་ཁྱོད།

གངས་ཁ་བ་འབྲོག་སྦྲ་ནག འབྲོང་།

འབྲོང་ བྲེ་སེར་འབྲོང་།

གངས་དང་ཁ་བར་འདྲེས་པའི་བྲེ་སེར་འབྲོང་།

རྫ་རྩེའི་སྨིག་དང་སྡེབས་པའི་བྲེ་སེར་འབྲོང་།

展开显示全部歌词