གྲོགས་པོའི་བརྩེ་བ།
兄弟情
ཚིག བསོད་ནམས་རྒྱ་མཚོ།
词/索南江措
དབྱངས བདེ་འཛོམས།
曲/代藏
ལེན་མཁན ཨོ་རྒྱན་བསྟན་འཕེལ་དང་བསོད་ནམས་རྒྱ་མཚོ་།།
演唱/俄金丁朋、索南江措
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ལམ་ཀྱག་ཀྱོག་མང་པོའི་ཁ་འོག་ན།།
在蜿蜒曲折的人生旅途
གྲོགས་བཟང་ངན་མང་པོ་འཛོམས་ས་རེད།།
善恶的朋友在此处相聚
སུ་ཁ་ཁུའི་འཇིག་རྟེན་ཡིན་ན་ཡང་།།
纵使世间充满闲言碎语
གྲོགས་བཟང་པོའི་བརྩེ་བ་འགྱུར་བ་མེད།།
真挚的友谊 亘古不移
ཡུལ་འཇིག་རྟེན་དག་པའི་ཞིང་ཁམས་ནས།།
身在这烟火纷繁尘世
སེམས་མཐུན་པ་བརྒྱ་དང་མི་མཐུན་སྟོང་།།
百人相知 千人相异
ལས་བཟང་པོ་ཞིག་གི་འུ་གཉིས་འཕྲད།།
善缘促成了你我相遇
སེམས་མཐུན་པའི་སྤུན་གྲོགས་ཁྱེད་ལས་མེད།།
知心兄弟唯有一个你
གྲོང་མི་ཚོགས་རྙོག་འཛིང་ཆེ་ན་ཡང་།།
任凭世间喧嚣人潮拥挤
བློ་ཡིད་ཆེས་ཟེར་སའི་སྤུན་གྲོགས་ཞིག།
你是我全心信赖的知己
ཁྱོད་ངའི་གཉིས་གྲོགས་པོའི་བརྩེ་བ་དེ།།
你我之间这份兄弟情义
ཚེ་འདི་ནས་མི་འགྱུར་དམ་བཅའ་ཡིན།།
此生立誓 永不相离
ཚེ་འདི་ནས་མི་འགྱུར་དམ་བཅའ་ཡིན།།
此生立誓 永不相离
未经许可,不得翻唱或使用