开悟-bem

开悟

歌手:bem

专辑:

时间:

    使用手机浏览器「扫一扫」

    在手机上保存,获得更好体验

标签
歌词

作词 : MC旦增

作曲 : Retnik

编曲 : Retnik

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྦྷི་ཧཱུྃཿ Om ah hung Banza Guru Padma Siddhi Hung

གུ་རུ་རིན་པོ་ཆེ་མཁྱེན་ནོ་ Guru Rinpoche Khenno

འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པ་ཤོག་ May all beings away from suffering

འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་ཤོག་ May all beings attain happiness

འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སངས་རྒྱས་པ་ཤོག་ May all beings attain enlightenment

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ། May all beings gain the seed of happiness

སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། May all beings be away from seed of suffering

སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ། May all beings be never be apart from happiness

སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ། May all beings be free from attachments and aversions and remain in equanimity

ཨེ་སེམས་གི་སྐད་ཆ་ཚང་མ་ང་ཡི་ཁྱེད་ལ་ཐེངས་གཅིག་བཤད་པ་ཡིན་ན་ If I share the words in my mind

མི་ཚེ་འདི་ཡི་ནང་ལ་ང་ལ་གང་དགོས་གཞན་ལ་དགོས་པ་ཡིན་ན་ What ever I need in life, others need the same

གཞས་མ་གཏམ་གི་མིང་དེ་ལ་ཨེམ་སི་བསྟན་འཛིན་ཟེར་གི་ཡོད་ན་ If this Hiphop name is MC Tenzin

སྡུག་བསྔལ་མི་དགོས་ བདེ་བ་དགོས་ No need suffering, need happiness

སེམས་ངན་མི་དགོས་ བྱངས་སེམས་དགོས་ No need evil mind, need bodhichitta

མི་ལུས་རྩ་ཆེན་ཐོབ་པས་སྐབས་སུ་ཀ་ལས་མ་རྒྱབས་ག་རེ་ཡིན་ When attain precious human life why not having diligence

ས་ཆ་གཅིག་ལ་བསྡད་པས་སྐབས་སུ་བསམ་གཏན་མེད་པ་ག་རེ་ཡིན་ When staying at one place why not having Jhana meditation

བཀའ་དྲིན་ཅན་གི་གུ་རུ་མཁྱེན་ནོ་གསང་སྔགས་ཆོས་དང་ཕྲད་པ་ཤོག་ Oh kindness Guru May meet Tantrayana teachings

ཚེ་འདིར་གྲུབ་ཐོབ་ཆགས་པ་ཤོག་ སེམས་ཅན་སྡུག་བསྔལ་བྲལ་བ་ཤོག་ May become Sage in this life, May beings be free from suffering

ལམ་ལ་བར་ཆད་པ་མེད་པ་ཤོག་ May no obstacles on path

ཡིད་དམ་ཞལ་གཟིགས་ཡོང་བར་ཤོག་ ཚང་མ་སངས་རྒྱས་ཆགས་པ་ཤོག་ May see face of Yidam, May all become enlightenment

ད་རེས་མེན་ན་ ག་དུས་ཡིན་ ཚེ་འདིར་མེན་ན་ ཚར་ལི་ཡིན་ If not this time then when If not in this life time then no chance

མེས་པོ་རྗེ་བཅུན་མི་ལ་ནང་བཞིན་སྡུག་བསྔལ་ལམ་དུ་ཐོང་བར་ཤོག་ Like ancestor great Milarepa, May can see suffering as path

གཞན་ལ་གནོད་པ་མེད་པ་ཤོག་ རྟག་ཏུ་རི་ཁྲོད་སྒྲིམས་པར་ཤོག་ May no harm to others, May alway stay at retreat area

སེམས་ནང་བྱངས་སེམས་སྐྱེས་པ་ཤོག་ འཇིག་རྟེན་ཆོས་བརྒྱད་སྤངས་བར་ཤོག་ May arise Bodhichitta in mind, May be away from eight worldly dharma

ཚུལ་ཁྲིམས་ཡག་པོ་བསྲུང་བར་ཤོག་ ཚེ་འདིར་དངོས་གྲུབ་ཐོབ་པར་ཤོག་ May can remain in purity discipline, May attain siddhi in this life

རྗེ་ཨུ་རྒྱན་པད་མ་མཉེས་པ་ཤོག་ May Maha Guru Padmasambhava be pleased

རྗེ་མི་ལ་རས་པ་མཉེས་པ་ཤོག་ May Maha Guru Milarepa be pleased

བྱངས་ཆུབ་སེམས་དཔའ་མཉེས་པ་ཤོག་ May all Bodhisattvas be pleased

展开显示全部歌词