香亚热洛-索扎

香亚热洛

歌手:索扎

专辑:香亚热洛

时间:2018-03-03

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

香亚热洛 - 索扎

词:赤·扎尔嘉

曲:索扎

音乐制作人:旦旦

ཞང་ཡ་རེ་ལོ།

ངས་ཡ་རེ་ལེན།

ཞང་ཡ་རེ་ཟེར་ར་ངས་གླུ་ཞིག་ལེན།

ཞང་ཡ་རེ་ལོ།

ངས་ཡ་རེ་ལེན།

ཞང་ཡ་རེ་ཟེར་ར་ངས་གླུ་ཞིག་ལེན།

སུ་ཡིས་བྲེལ་ཟིང་གི་འཚོ་བའི་ཁྲོད་ནས།

རང་ཉིད་བྱིས་པ་བཞིན་དུ་པང་དུ་བླངས་མྱོང་།

སུ་ཡིས་ཉི་མ་ནུབ་ཐེངས་རེ་རེ།

ཟླ་བ་ཤར་ཐེངས་རེ་རེ།

ཁེར་རྐྱང་གི་གྲིབ་གཟུགས་ལ་ཁེན་ནས་རང་ཉིད་ལ་མིག་ཆུ་ལྟ་བུའི་སྙན་ངག་བྲིས་མྱོང་།

སུ་ཡིས་དྲན་གདུང་གི་སྐྱོ་ངལ་ཁྲོད་ནས་རང་ཉིད་ལ་རོལ་དབྱངས་ལྟ་བུའི་སྙིང་གཏམ་གླེང་མྱོང་།

ཁྱོད་ལ་ཡོད་ཨེ་མྱོང་།

མེད། ང་ལ་མཚོན་ན་མེད་དེ། ཉོན་དང་།

རང་ཉིད་སྐྱོ་གདུང་གི་རྫི་བོར་གྱུར་བ་ནས་བཟུང་།

ཉིན་གཅིག་ཉིན་གཉིས་ཉིན་གསུམ།ཁྱོད་རང་གླེང་མྱོང་།

ཟླ་གཅིག་ཟླ་གཉིས་ཟླ་གསུམ།ཁྱོད་རང་དྲན་མྱོང་།

ལོ་གཅིག་ལོ་གཉིས་ལོ་གསུམ།ཁྱོད་རང་འཚོལ་མྱོང་།

ཞང་ཡ་རེ་ལོ།

ངས་ཡ་རེ་ལེན།

ཞང་ཡ་རེ་ཟེར་ར་ངས་གླུ་ཞིག་ལེན།

ཞང་ཡ་རེ་ལོ།

ངས་ཡ་རེ་ལེན།

ཞང་ཡ་རེ་ཟེར་ར་ངས་གླུ་ཞིག་ལེན།

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཧི་ཧི་་་

ཉི་ཟླ་རེས་མོས་ཀྱི་འཁོར་སྐྱོད་འོག་ནས།

ངས་ཁྱོད་རང་འཚོལ་ཞིང་།

ཁྱོད་ཀྱིས་ང་རང་བོར་བའི་ནམ་རྒྱུན་ལ།

ངས་སྐྱོ་བ་མིག་ཆུས་བསུས་ཤིང་།

དགའ་བ་གླུ་རུ་བླངས་བའི་དུས་ཡུན་འདི་དག

ཁྱོས་ཤོད་དང་།ངས་སུ་ལ་བཤད།སུ་ཡིས་ཤེས།

རྒོད་ལ་ཤོར་བའི་དྲན་པ་འདི།

རྒྱ་ཡན་ལ་བཏང་བའི་སེམས་པ་འདི།

ཅི་ཞིག་ལ་བཟོད་བསྲན་བྱེད་དཀའ་དུས།

ད་གཟོད་ཁྱོད་རང་དྲན་སླ་ཞིང་།ཁྱོད་རང་དྲན་དུས་སུ།

མིག་ཆུ་དང་འདྲེས་པའི་གཞས་ཚིག་རེ་རེ།

ངུ་ངག་ལ་བརྒྱུས་པའི་འགྱུར་ཁུགས་རེ་རེ།

ཁྱོད་ཕྱོགས་སུ་བཏང་ཡོད།

ཁྱོད་ཕྱོགས་སུ་བསྐུར་ཡོད།

ངའི་བྱིས་བློ་ལྟ་བུའི་རྣམ་འགྱུར་འདི་ལ།

ཁྱོད་ཀྱིས་འཕྱ་སྨོད་མི་བྱེད་པར་མཁྱེན།

ཉིན་གཅིག་ཉིན་གཉིས་ཉིན་གསུམ།ཁྱོད་རང་གླེང་མྱོང་།

ཟླ་གཅིག་ཟླ་གཉིས་ཟླ་གསུམ།ཁྱོད་རང་དྲན་མྱོང་།

ལོ་གཅིག་ལོ་གཉིས་ལོ་གསུམ།ཁྱོད་རང་འཚོལ་མྱོང་།

ཡ་རེ་ལོ་ཞང་ང་ཡ་རེ་ལོ།

སེམས་སོང་མི་ང་མ་རེད།

སེམས་མཐུན་གཞན་ཞིག་འདྲ།

ལོ་གསུམ་འདས་པའི་མཐའ་ལ་གཏན་བྲལ་བྱེད་དགོས་བྱུང་སོང་།

ཡ་རེ་ལོ་ཞང་ང་ཡ་རེ་ལོ།

ཡ་རེ་ལོ

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་

ཙ་ར་ཙ་ར་་་་་་་ཧོའུ་་་་་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་

ཙ་ར་ར་ཙ་་་་་་་ཧེ་་་་་་་

展开显示全部歌词