小鸟不哭 (Single Version)-旦曲阿帝

小鸟不哭 (Single Version)

歌手:旦曲阿帝

专辑:

时间:

    使用手机浏览器「扫一扫」

    在手机上保存,获得更好体验

标签
歌词

作词: 旦曲阿帝

作曲: 旦曲阿帝

ཚིག་གདངས། བསྟན་ཆོས་ཨ་ཏིས།

གཞས་གཏོང་མཁན། བསྟན་ཆོས་ཨ་ཏིས།

ངའི་བརྩེ་བའི་བྱིའུ་ཆུང་ལགས།

ཁྱེད་སེམས་སྐྱོ་མ་གནང་།

གནམ་སྔོན་གྱི་མཁའ་དབྱིངས་སུ།

ཁྱེད་ནམ་ཡང་དགོས་ངེས་རེད།

ཚུར་གསན་དང་བྱིའུ་ཆུང་ལགས།

བུ་ངའི་གླུ་དེ་ལ་གསན་དང་།

མིག་ཆུ་མ་གཏོང་། མཁའ་དབྱིངས་སུ་འཕུར།

ཡངས་པའི་དགུང་སྔོན་དབྱིངས་སུ་སྣ་ཚོགས་བྱིའུ་ཆུང་གསུང་སྙན་སྒྲོག།

ཁུ་སིམ་གྱི་ས་གཞི་ཆེན་པོ་འདིར་ཁྱེད་གསུང་དབྱངས་གསོན་ཤུགས་སྟེར།

སྔོན་ཆད་ཐོས་མྱོང་བའི་བྱིའུ་ཆུང་གསུང་སྐད་ད་ཆ་ཐོས་རྒྱུ་མིན་འདུག

བྱིའུ་ཆུང་སེམས་ནང་གི་སྡུག་བསྔལ་དེར་ང་ཚོ་སུ་ཡིས་བསམ་གཞིགས་བྱེད།

བསམ་བློ་གཏོང་། སྙིང་རྗེ་སྒོམ།

ནག་ནོག་གི་ནམ་མཁའ་རུ་བྱིའུ་ཆུང་འཕུར་འདོད་མིན་འདུག

གཏོར་སྐྱོན་གྱི་ཁོར་ཡུག་དེར་བྱིའུ་ཆུང་བསྡད་འདོད་མིན་འདུག

ཨ་ཙི། ས་གཞི་དེར་བསམ་བློ་གཏོང་དང་།

ཨ་ཙི། ས་གཞི་དེར་སྲུང་སྐྱོབ་གནང་དང་།

བྱིའུ་ཆུང་རྣམས་ཀྱི་བདེ་སྡུག་ལ་གཟིགས་དང་།

ཨ་ཙི། ས་གཞི་དེར་སྲུང་སྐྱོབ་གནང་དང་།

བྱིའུ་ཆུང་རྣམས་ཀྱི་བདེ་སྡུག་ལ་གཟིགས་དང་།

ངའི་བརྩེ་བའི་བྱིའུ་ཆུང་ལགས།

ཁྱེད་སེམས་སྐྱོ་མ་གནང་།

གནམ་སྔོན་གྱི་མཁའ་དབྱིངས་སུ།

ཁྱེད་ནམ་ཡང་དགོས་ངེས་རེད།

ཚུར་གསན་དང་བྱིའུ་ཆུང་ལགས།

བུ་ངའི་གླུ་དེ་ལ་གསན་དང་།

མིག་ཆུ་མ་གཏོང་། མཁའ་དབྱིངས་སུ་འཕུར།

ཡངས་པའི་དགུང་སྔོན་དབྱིངས་སུ་སྣ་ཚོགས་བྱིའུ་ཆུང་གསུང་སྙན་སྒྲོག

ཁུ་སིམ་གྱི་ས་གཞི་ཆེན་པོ་འདིར་ཁྱེད་གསུང་དབྱངས་གསོན་ཤུགས་སྟེར།

སྔོན་ཆད་ཐོས་མྱོང་བའི་བྱིའུ་ཆུང་གསུང་སྐད་ད་ཆ་ཐོས་རྒྱུ་མིན་འདུག

བྱིའུ་ཆུང་སེམས་ནང་གི་སྡུག་བསྔལ་དེར་ང་ཚོ་སུ་ཡིས་བསམ་གཞིགས་བྱེད།

བསམ་བློ་གཏོང་། སྙིང་རྗེ་སྒོམ།

ནག་ནོག་གི་ནམ་མཁའ་རུ་བྱིའུ་ཆུང་འཕུར་འདོད་མིན་འདུག།

གཏོར་སྐྱོན་གྱི་ཁོར་ཡུག་དེར་བྱིའུ་ཆུང་བསྡད་འདོད་མིན་འདུག།

ཨ་ཙི། ས་གཞི་དེར་བསམ་བློ་གཏོང་དང་།

བྱིའུ་ཆུང་ལགས།

ཁྱེད་སེམས་སྐྱོ་མ་གནང་།

གནམ་སྔོན་གྱི་མཁའ་དབྱིངས་སུ།

ཁྱེད་ནམ་ཡང་དགོས་ངེས་རེད།,

ཚུར་གསན་དང་བྱིའུ་ཆུང་ལགས།

བུ་ངའི་གླུ་དེ་ལ་གསན་དང་།

མིག་ཆུ་མ་གཏོང་། མཁའ་དབྱིངས་སུ་འཕུར།

གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།

展开显示全部歌词