等待-阿桑旦巴

等待

歌手:阿桑旦巴

专辑:等待

时间:2023-02-25

    使用手机浏览器「扫一扫」

    在手机上保存,获得更好体验

标签
猜你喜欢的歌曲
歌词

等待 - 阿桑旦巴

词:阿桑旦巴

曲:阿桑旦巴

ན་ནིང་དབྱར་གཞུང་ཞིག་ལ།།

ཆར་བ་ཟམ་ཟིམ་འབབ་དུས།།

བཅོས་མིན་གྱི་འཛུམ་མདངས་སྣུམ་པོ།།

སེམས་ཀྱི་གསེང་ལ་སིམས་སོང་།།

འཇིག་རྟེན་གྱི་གསང་བ་དམར་བོ།

དྲན་འཛིན་གྱི་རུམ་ལ་བཅུག་ནས།

ཁེར་རྐྱང་གི་མིག་ཆུའི་ཀློང་ནས།

སྔར་ལྟར། ངས་ཁྱེད་ལ་རེ་སྒུག་བྱས་ཡོད།

ན་ནིང་དགུན་ཁ་ཞིག་ལ།།

ཁ་བ་མར་མར་འབབ་དུས།།

ཞིམ་མངར་གྱི་སྙིང་གཏམ་སྦྲང་རྩི།།

སེམས་ཀྱི་ཟབ་སར་འཐིམས་སོང་།།

འཚོལ་སྙེག་གི་ལམ་ག་དེ་རུ།

ལོ་ཟླ་དང་ཞག་དུས་འགམ་བཞིན།

ཁེར་རྐྱང་གི་འཚོ་བའི་ཀློང་ནས།

སྔར་ལྟར། ངས་ཁྱེད་ལ་རེ་སྒུག་བྱས་ཡོད།

ན་ནིང་སྟོན་ཀ་ཞིག་ལ།།

ལྡེམ་ལྡེམ་སྙེ་མའི་ཀློང་ནས།།

འགྱུར་མེད་ཀྱི་དམ་ཚིག་མདུད་པ།།

རུས་རྐང་གི་གསེང་ལ་བསྣུན་ཡོད།།

མི་ཁ་ཡི་གཡུལ་ས་དེ་རུ།

སྙན་ངག་གི་བརྗོད་བྱ་འཚོལ་བཞིན།

ཁེར་རྐྱང་གི་རྐང་ལམ་ཁྲོད་ནས།

སྔར་བཞིན། ངས་ཁྱེད་ལ་རེ་སྒུག་བྱས་ཡོད།

ངས་ཁྱེད་ལ་རེ་སྒུག་བྱས

展开显示全部歌词