我们的心愿-德勒闹吾

我们的心愿

歌手:德勒闹吾

专辑:打墙歌

时间:2017-03-27

    使用手机浏览器「扫一扫」

    在手机上保存,获得更好体验

标签
歌词

我们的心愿 - 德勒闹吾

词:罗桑

曲:曲塔

编曲:旦旦

ངས་གངས་རིའི་རྩེ་ནས་རླུང་རྟ་སྤུར།

ཁྱོས་མཚོ་མོའི་འགྲམ་ནས་ལྷ་བསང་བཏང་།

རྟེན་སྨོན་ལམ་ཁ་བའི་ལྗོངས་ནས་འདེབས།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

ངས་སྦྲ་ནག་འདབས་ནས་འབྲི་མོ་བཞོ།

ཁྱོས་གཡང་ཁྱིམ་ཚང་གི་གཞིས་ཀ་སྐྱོང་།

དྲིན་ཕ་མའི་སྙིང་ཁམས་དྲོད་ཀྱིས་ཁེངས།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

ངས་སྟག་ཤར་ཁྲོད་ནས་བྲོ་ཞིག་འཁྲབ།

ཁྱོས་སྡེ་ཆེན་གྲོང་ནས་གླུ་ཞིག་ལེན།

བོད་རོང་འབྲོག་སེམས་པ་སྐྱིད་ལ་བསྐུར།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

ངས་འགྱུར་མེད་དམ་བཅའ་རྡོ་ལ་བརྐོས།

ཁྱོས་སེམས་མཐུན་གྲོགས་ལ་ཡིད་ཆེས་བྱོས།

ལས་ཚེ་བསོད་རྒྱས་པའི་རྟེན་འབྲེལ་འགྲིག

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

གྲོགས་འུ་གཉིས་བསམ་དོན་རང་འགྲུབ་རེད།

展开显示全部歌词